| | e-texts navigator
|
1a1 དེ་ལྟར་ཁྱུ་ན་ལྡིང་པ་ལྟར།། ལོག་ཕུག་ནས།། སྨྱུག་དེའི་འཆོངས་པ་ལྟར་ས་གཅད་ན། སྤྱི་དོན་གཉིས་ཏེ། མཚན་དང་གཞུང་ངོ་།། མཚན་གསུམ་སྟེ། མྱཚུན་གྱི་དགོས་ཅད་དུ། མཚན་བྱིན་གྲངས་དང་།
1a2 མཚན་གྱི་དོན་བཤད་པའོ།། དགོས་ཕྱེད་ལ་གཉིས་ཏེ། ཡིད་ཆེ་སཱ་ཤིང་ཁུངས་བཙུར་པར་བྱ་བའི་ཕྱིར། རྒྱ་གར་གྱི་མཚན་བསྐྲུན་པོ་དང་། བོང་སྐུ་ལྔ་རྨོངས་པའི་དོན་དུ་ལ་སྲ་བསྒྱུ་ཏེ་བསྟན་པའོ།། དེ་ལ
1a3 སྐད་ལ་བཞི་སྟེ། བི་ཤཱཙི་ཏིའི་སྐད་དང་། ཨ་བ་པྲི་ཤིའི་སྐད་དང་། ས་ཏཱི་ཏའི་སྐད་དང་། ཨུ་རྒྱུན་གྱི་སྐང་དངངོ་བཞིའོ།། དེ་ལ་གོང་མ་གཉིས་པོ་དྲི་མུ་སྟེགས་ཀྱི་སྐད་ཡིན། འོག་མ་གཉིས་པོ་ཆོས་སྐད་། དེ་ལས་བསྒྱུ
1a4 བསྒྱུར་ལུགས་ལ་བཞི་ལ། དྲངས་ཏེ་བསྒྱུར་བ་དང་། བསྣོར་སྟེ་བསྒྱུར་བ་དང་། ཟང་ལོག་ཏུ་བསྒྱུར་བ་དང་། དོན་གྱིས་བསྒྱུར་བ་མཚུན་གྱི་དོན་བཤུད་པ་དང་བཞིའོ།། མཚན་གྱི་རྣམ་གྲངས་ལ་ལྔ་སྟེ། དོན་ལས
1a5 བཏོགས་པ་དང་། རྣམ་གྲངས་ལས་བཏགས་པ་དང་། ཞུ་བ་པོ་ལས་བཏགས་པ་དང་། དཔེ་དང་། ཡུལ་ཡས་མཚན་དུ་བཏགས་པའོ།། དེ་ལས་དོན་དང་རྣམ་གྲངས་མཚན་དུ་བཏགས་པའོ།།
1a6 མཚན་གྱི་དོན་བཤང་པ་ལ་གསུམ་སྟེ། བྱང་ཆུབ་ཀྱི་སེམས་སྦོམ་པ་དོན་དྲུག་པ་ཞེས་པ། བྱང་ཆུབ་སེམས་ཀྱི་བཤད་པ་དང་། བསྒོམ་པ་བཤད་པ་དང་། དོན་དྲུག་པབ་ཤད་པ་བཤིང་བའོ།། དེ་ལ་དང་པོ་བྱང་ཆུབ
iiif viewer powered by OpenSeadragon
47b - 1b