| | e-texts navigator
|
30b1 ཡང་འཁོར་དང་རྫོགས་པ་མིང་ཡང་མེད། སྤང་དང་བསྒྲུབ་པ་ག་ལ་ཞིད། ཞེས་པས་མངོན་ནོ།། འོ་ན་རྒྱུ་རྐྱེན་བཀག་གོ་ཞེ་ན། ལ་བཟླས་པའི་ཆོས་ཉིད་ལ་སྐྱེ་འཇིག་མེད་པར་བསྟན་པའི་ཕྱིར། རྒྱུ་ཉིད་རྡོ་རྗེ་དང་འདྲ། མ་སྐྱེས་པས་མ་འཇིག་པ་མེད
30b2 ཞེས་པ། སངས་རྒྱས་སེམས་ཅན་གྱི་རྒྱུ་མ་རིགས་པ་དང་ཡེ་ཤེས་ཁོ་མ་ཡིན་ལ། དེ་གཉིས་ཀྱི་རྒྱུ་ཡང་ཆོས་ཉིད་འདུས་མ་བྱས་པའི་རྡོ་རྗེ་ཡིན་ནོ།། འཁོར་འདས་ཀྱི་རྐྱེན་ཐམས་ཅད་ཀྱང་དེ་དང་འདྲ་བར། འདུས་མ་བྱས་པའི་རང་རིག་པ་ཉིད་ཡིན་ཏེ། དེའི་ཕྱིར་རྒྱུ་ཆེ།།
30b3 ལ་མ་སྐྱེས་པས་ནས། གཉེན་པོ་གང་གིས་ཀྱང་འཛིན་པ་མེད་པའོ།། སྙིང་པོ་བྱང་ཆུབ་ལ་རྩོལ་འཛིན་མེད་པར་བསྟན་པའི་ཕྱིར། གདོད་ནས་སྙིང་པོ་བྱང་ཆུབ་ལ།། བརྩལ་བའི་བསམ་པས་དབྱིངས་མི་བསྐྱོད། ཞེས་པ། དེ་ཅིའི་ཕྱིར་ཞེ་ན། ཡེ་གདོད་མ་ཉིད
30b4 ནས་ཐམས་ཅད་བྱང་ཆུབ་སྙིང་པོ་ཉིད་ནས་བྱང་ཆུབ་ཀྱི་ངང་ལ། ད་བཟོད་བརྩལ་བའི་བསམ་པས་ཕྱོགས་རེ་ནས་ཆོས་ཀྱི་དབྱིངས་ནས་བསྐྱོད་མི་ནུས་ཏེ། ཆོ་འཕྲུལ་གྱི་ན་མཁའ་མི་བསྐྱོད་པ་བཞིན་ནོ།། ལྷ་མི་སྤྱི་གོལ་བཤད་པའོ།། །
30b5 ད་ནི་ཉན་ཐོས་གོལ་བའི་སྐབས་བདུན་པའི་མཚན་བསྟན་པའི་ཕྱིར། བརྩལ་སེམས་དང་བྲལ་སྐབས་ཞེས་པ། ནང་ཤེས་པ་སྐད་ཅིག་མ་ལ། ཕྱི་རོལ་བརྡུལ་སིལ་བུ་དང་། གོང་བུ་བསྒོམ་པ་འགེགས་པ་དང་། སྐལ་བར་བརྩལ་བས་སངས་རྒྱས་པ་དང་མ་བྲལ་བའི་སྐབས་ཅིག་འམ།
30b6 ཉན་ཐོས་ཀྱི་ལྟ་བ་གོལ་བ་བསྟན་པའི་ཕྱིར། འཕྲ་བའི་སྒོ་མོར་མིང་བཏགས་ནས་ཅེས་པ། ཕྱིའི་ཡུལ་ཉན་ཐོས་མདོ་སྡེ་རྡུལ་གོང་བུ་འདུས་པ་ལ་ཡུལ་དུ་འདོད། བྱེ་བྲག་རྡུལ་ཕྲ་རབ་མ་འདྲེས་པར་འདོད་ལ། ནང་ཡིད་ཀྱིས་རྣམ་པར་ཤེས་པ་ཡུལ་འབྱུང་འཇུག་བྱེད་པའི་ཕྱིར་སྒོ་མོ་ད
iiif viewer powered by OpenSeadragon
30a - 31a