| | e-texts navigator
|
30a1 པ་ཐམས་ཅད་རང་ཤར་བའོ།། འོ་མེད་བཀའ་ཐམས་ཅད་ནས་མ་གསུངས་པས། ཁྱོད་རང་ཆེ་བ་འདོད་པའི་ཞེ་འདོད་ཡིན་ནོ་ཞེ་ན། ལུང་ལས། རྫོགས་ཆེན་སྤྱི་མིས་ཆེ་བ་ལ། ང་བཟོད་ཆེ་བ་ཅི་ཞིག་འབྱུང་། ལྷག་ཚོང་སྨྲས་པ།
30a2 རྨོངས་པ་ཡིན། བཀའ་ལུང་བཞི་ནི་དྲང་བར་གསུངས། བཀའ་ལུང་ངེས་པ་མ་ཐོབ་པར།། གསུངས་སམ་མ་གསུངས་ཅི་ཆ་ཡོད། ཅེས་འབྱུང་། ཅི་སྟེ་ཀུན་གཞི་ཡོད་ན་རང་རྒྱུད་པར་འགྲོ་ལ། ཀུན་གཞི་མེད་ན་ཐམས་ཅད་རོལ་པ་མི་འགག་པར་ཅིར་ཡང
30a3 འཇར་བའོ།། དེའི་ཕྱི་ངས་པའི་སྲང་ལ། སེམས་ཀྱི་རང་བཞི་སྐྱེ་མེ་ནམ་མཁའ་ཆེ། ཀུན་ག་གཏནནས་ཕུང་རྗི་ལ་ཕྱག་འཚལ་ལོ།། ཡང་དུན་གནི་ལེ་ཤེས་སུ་མཆོག་ཞས། དས་པས་རྨུགས་འཁྲུགས་དངོས་པས་གཏི་མུན་ལ། འོད་པ
30a4 ཁྲག་ཆེན་དག། ཀུན་གཞི་གཏན་ནས་ཕུང་མཛད་པ་ལ་ཐུན།། ཞེས་པ་དང་ཡང་། སངས་རྒྱས་ལེ་ནས་མངོན་སུམ་འགྱུར། ལྷུན་གྱིས་གྲུབ་པ་བརྩལ་དུ་མེད། རང་འབྱུང་ཡེ་ཤེས་ཆེན་པོ་ཡིས།། ཀུན་ཀྱང་གཏན་ནས་སྤོངས་པར་བྱེད། ཞེས་པ་ཡང་། སྟོངས་རིག་ཡེ་ཤེས
30a5 རལ་གྲི་ཡིས། ཀུན་གའི་རྩད་ནས་གཅོད་པར་མཛད། ཞེས་པ་དང་། ཡང་རང་རིག་ཡེ་ཤེས་འོད་པོ་ཆེ། ཡོངས་སུ་བརྡལ་བའི་ཉི་མ་ཡིས། ཀུན་གཞི་གཏན་ནས་སྟོངས་བྱེར་བྱེད། ཞེས་པ་དང་། བྱང་ཆུབ་ཆོས་སྐུའི་རང་བཞིན་ནི། སྙེད་རིག་ཐིག་ལེ་འབར་བ་སྟེ།
30a6 ཀུན་གཞི་གཏན་ནས་འཇོམས་པར་བྱེད། ཞེས་འབྱུང་། འོ་ན་ཀུན་གཞི་ངེས་པར་འཇོམ་དུ་ཡོད་པས་དགག་སྒྲུབ་བྱུང་ངོ་ཞེ་ན། ལུབ་ལས། རང་འབྱུང་ཡེ་ཤེས་ཆེན་པོ་ཡིས། ཡེ་ནས་བཅིངས་པས་གཞོམ་དུ་མེད་ཞེས་འབྱུང་།
iiif viewer powered by OpenSeadragon
29b - 30b