| | e-texts navigator
|
2b1 རྐྱེན་བཞི་ལས་མ་སྐྱེས་པས། བམར་གཉེན་པོས་འཆིབ་མེད་པའི་དོན་རྟོགས་པས་འགྲོ་དྲུག་སྐྱེ་ཤི་ཅན་དུ་གྲོལ་ཏེ། འགྲོ་བའི་སྡུག་བསྔལ་ཅེས་པས་སྟོན་ནོ།། བཙལ་བ་མེད་པའི་རྡོ་རྗེ་ནི། ཆོས་ཉིད་ལས་དགེ་སྡིག་གི་རྩོལ་བ
2b2 ལས་གདོང་མ་ནས་འབྱུང་མི་སྲིད། པའི་དོན་མ་རྟོགས་པས། ལྷ་མི་ལས་དགེ་སྡིག་ཁོ་ནར་རྩོལ་བས་གོལ་ཏེ། ཁྱད་པར་ཅིར་ཡང་མཚུངས་པ་ལ་ཅེས་པ་ནས་མར་སྟོན་ཏོ།། འདུས་མ་བྱས་པའི་རྡོ་རྗེ་ནི་སེམས་རྒྱུ་རྐྱེན་གྱིས
2b3 མ་སྐྱེད་དེ། འདུས་མ་བྱས་པའི་ཆོས་ཉིད་ཡུལ་ཀུན་ཏུ་བཟང་པོ་རོལ་པའི་བརྒྱན་མ་ངེས་པའི་དོན་རྟོགས་པས། ཉན་ཐོས་ཡུལ་སེམས་འདུལ་བྱས་སོ་སོར་གོལ་ཏེ། འཕྲ་བའི་སྒོ་མོར་ཅེས་པའི་ཚིག་གསུམ་གྱིས་སྟོན་ནོ།།
2b4 འཛེམ་པའི་རྡོ་རྗེ་ནི།། ནམཁའ་ལྟ་བུའི་རྒྱུ་རྐྱེན་དཀའ་ནས་མ་གྲུབ་པའི་མ་རྟོགས་པ། རང་རྒྱལ་ཕྱི་ནང་གི་རྒྱུ་འབྲས་ལ་རྩོལ་བ་གོལ་ཏེ། རྒྱུད་དང་འབྲས་བུ་ཅེས་པའི་ཚིག་བཞིས། སྟོན་ནོ།། མེ་ཕྱེད་པའི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས
2b5 ལ་དཀའ་ནས་གཉི་སུ་འཛིན་པ་མ་གྲུབ་པའི་དེ་ན། མ་རྟོགས་པས། རང་རྒྱལ་ཕྱི་ནང་གི་རྒྱུ་འབྲས། དབུ་མོའི་དོན་དམ་ཀུན་རྫོབ་བརྟག་མ་རྟག་ཏུ་འཛིན་པ་གོལ་ཏེ། སྲིད་པ་གསུམ་ན་འཛིན་པའི་ཚིག་བཞིས་སྟོན་ཏོ།། སེམ་དཔའ་མ
2b6 ཚ་ལེ་ཆེན་པོས་དེན་ནོ།། བྱང་ཆུབ་སེམས་ཐིག་ལེ་ཉག་ཅིག་གི་དོན་མ་རྟོགས་པསོ། ཕྱི་རྒྱུད་སྡེ་གསུམ་བཟང་ངན་གཉིས་སུ་འབྱེད་པར་གོལ་ཏེ། ཆོ་འཕྲུལ་ཆེན་པོ་ཅེས་པའི་ཚིག་བཞི་སྟོན་ཏོ།། ནམ་མཁའ་ཁྱབ་གདལ་ཆེན་པོའི
iiif viewer powered by OpenSeadragon
2a - 3a