e-texts navigator
Collection
Volume
Page
Wylie

2a1 གཏན་ལ་འབེབས་པའི་ངོ་བོ་ནི།། རྡོ་རྗེ་སེམས་དཔའ་ཉིད་དུ་ངེས།། ཕྱག་གི་ངོ་བོ་གཉིས་པའོ།། གཏན་ཚིགས་བཞི་ལ། གཞན་གྱི་རྒྱུད་ལ་འཇལ་བའི་གཏན་ཚོགས་ཁ་ཕྱིར་ལྟ་བཞི་།
2a2 རང་གི་རྒྱུད་ལ་འཇལ་བའི་གཏན་ཚིགས་ཁ་ནང་ལྟ་བཞི་དང་། ཚིག་རེས་དོན་རེ་མཚོན་པའི་གཏོན་ཚིགས་ཐུན་མོང་བཞི་དང་། ཚིག་རེས་དོན་མཐའ་དག་མཚོན་པོ་ཐུན་མ་ཡིན་པའི་གཏན་ཚིག་བཞིའོ།། དོན་གྱི
2a3 གཞུང་དགོད་པ་ལ་སྤྱི་དོན་བཞི་སྟེ། གོལ་གཞི་ཡི་དངོས་པོ་གནས་ལུགས་ཀྱི་ཆོས་དང་། དེ་མ་རྟོགས་ལ་བཤད་པའི་ཐབས་གཉིས་བསྟན་པ་དང་། གོལ་སྒྲིབ་རང་གི་ངོ་བོ་བསྟན་པ་དང་། མཇུག་བསྡུས་པའོ།།
2a4 གོལ་གཞི་ལ་སྐབས་ཀྱི་མཚན་བསྟན་པའི་ཕྱིར། ཆོས་ཉིད་ཀྱི་སྐབས་ཞེས་པ། རང་བློས་བསམ་པའི་ཆོས་ཉིད་ཐེག་པ་རེ་ལ་བློས་བརྟགས་པའི་སྤྲོས་པ་དང་བྲལ་བའི་དོན་རེ་ཡོད་པའོ།། ཡེ་ནས་གནས་པའི་ཆོས་ཉིད
2a5 གདོད་ནས་སངས་རྒྱས་པའི་ངོ་བོ་རྒྱུ་རྐྱེན་རྩོལ་སྒྲུབ་གང་ལ་ཡང་རག་མ་ལུས་པ་སྟེ། མན་ངག་གི་ཆོས་རྟགས་ཀྱི་ཕྱག་རྒྱ་བཞིས་གཏན་ལ་དབབ་པའོ།། དེ་ཉིད་ཀྱི་སྐབས་ངེས་པའི་འཆད་པའི་དོན་སྟོན་ཏེ
2a6 ད་ནི་སྤྱིའི་གོལ་བཞི་བརྒྱད་ངེས་པར་རྟེན་པའི་ཕྱིར། རྡོ་རྗེ་སེམས་དཔའ་ན་མཁའ་ཚེ་ཞེས་པ། རྡོ་རྗེ་ལ་ལྔ་ལས། སྐྱེ་འཇིག་མེད་པའི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས། རྒྱུ་མ་རིག་པ་རྐྱེན་ལས་དང་ཉོན་མོངས་པ་འམ




iiif viewer powered by OpenSeadragon

1b - 2b

Texts on this page

Gbr005.2 - lta ba spyod pa'i 'khor lo