| | e-texts navigator
|
29b1 ཀུན་གཞི་འཁོར་བ་འབའ་ཞིག་ལས། མྱ་ངན་འདས་པ་མིང་མི་གྲག་ཅེས་པས་མངོན་ནོ།། ཅི་སྟེ་ཀུན་གཞི་ཡི་རིགས་པ་ཡིན་ན། མ་རིགས་པ་ལ་རྒྱུ་རྐྱེན་ཡོད་དམ་མེད། མེད་ན་འདུས་བྱ་སུ་འདུགས་པས་མ་རིགས་པ་ལས་བྱུང་བའི་འཁོར་བའི་ཆོས་ཐམས་ཅད་ཀྱང་འདུས་མ་བྱས་སུ་འགྲོ།
29b2 འདུས་མ་བྱས་ལ་གཉེན་པོས་ཆོམས་པར་མི་རིགས། དྷུ་འདུས་མ་བྱས་ལ་འབྲས་བུ་འདུས་བྱས་པ་འོང་ན། རྨུ་འབྲས་ལོག། མ་རིགས་པ་རྒྱུ་རྐྱེན་ཡོད་ན། ངེས་པར་རྒྱུ་རྐྱེན་ག་ལ་ཡིན། ཞེས་པ་འདི་ལྟ་སྟེ། ཐོག་མར་ཐོ་གསལ་ཡང་མ་ཞུགས་པ
29b3 མ་རིག་པའི་རྒྱུ་གཏི་མུག་ཡིན་པས་ཅི་སྤྱད་ཀྱང་མ་ཤེས་པས་མ་རིག་པའོ།། ལུང་ལས། ཆོས་སྐུ་ཉ་གཅིག་མ་རིག་རྒྱུ། ཆོས་ཉིད་ཅིར་སྣང་མ་རིགས་རྐྱེན། ཞེས་པ། མ་རིག་པའི་འདུས་བྱས་པས། གཉེན་པོས་དུས་ཅིག་ལ་འགལ་བ་གཉེན་པོ་མེད་དེ།།
29b4 ཀུན་གཞི་ཡོད་ན། རྒྱུ་མ་རིགས་པ་ཡང་ཡོད་དེ། རྐྱེན་ལོག་པར་ལྟ་བའང་ཡོད།། ཀུན་གཞི་ལ་སྩོགས་པའི་བག་ཆགས་ཀྱང་ངེས་པར་ཡོད་པར་རིགས་པས། སངས་མི་རྒྱའོ།། ཀུན་གཞི་ཆོས་ཉིད་དུ་འདོད་ལ་བག་ཆགས་སྤྱོང་ན། དུང་གི་དཀར་པོ་སྦྱངས་པས
29b5 དུངདུ་རང་མེན་པ་བཞིན། བག་ཆགས་དག་པས་ཀུན་གཞི་དག་པར་འགྱུར་རོ།། སོ་སོ་ཐ་དད་ན་གནོད་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པའི་ཆོས་ཉིད་ལ་ཀུན་གཞི་དཀའ་ནས་མེད་དོ།། དེ་ཅིའི་ཕྱིར། དག་མ་དག་སྦྱང་མ་སྦྱངས་ཐོབ་མ་ཐོབ་ཤེས་མ་ཤེས་བསྒོམས་མ་བསྒོམས
29b6 གསལ་མི་གསལ་གྲུབ་མ་གྲུབ་ལ་སྩོགས་པ་ཐམས་ཅད་སྦྱར་ནས་བློ་བུར་ཤེས་དག་གོ།། ལོན་ཐམས་ཅད་ཐོ་བུར་བ་ཡིམན། སྣང་བ་ཐམས་ཅད་འགེགས་པས་སོ།། ཞེས་པ། དཔེར་གྱི་མན་མཁའ་ཉིད་ལས་གོལ་བ་མེད་པའི་ཆོ་འཕྲུལ་ཅིར་ཡང་མི་འགག་པ་ལྟར། འཛིན་པས་བཟུང་ན་ཕན་གནོད་མེ
iiif viewer powered by OpenSeadragon
29a - 30a