e-texts navigator
Collection
Volume
Page
Wylie

29a1 གསེར་སྐུ་ལ་མཁར་བ་མེད་པར་རང་གིས་རང་བརྡུངས་སམ། ལས་ལ་སེམས་ཅན་བྱེད་མཁན་ཡོད་ན་མི་གཿ། སེམས་ཅན་བཙོ་བར་འགྱུར་རོ།། ཅི་སྟེ་ལས་ཀྱིས་བག་ཆགས་ཀྱིས་བསྒོས་ན། བག་ཆགས་དེ་ལུས་ལ་ནོད་པམ
29a2 སེསེས་ལ་བཟེད། ལུས་ལ་བགོད་ན་ཞུ་ལ་མི་རྟག་སྟེ། ཕུང་པོ་ཞིག་པར་མི་འགྱུར་ནམ། ཅི་སྟེ་སེམས་བགོད་ན། སེམས་ལ་དངོས་པོ་ཡོད་དམ། སེམས་ལ་དངོས་པོ་ཡོད་པན། ཕྱི་མོ་ཡུ་ལ་དང་ཁྱད་ཀྱི་ཡོད། ཅི་ལྟེ་བག་ཆགས་དང་ཁྱད་ཅི་ཡོད
29a3 དངོས་པོར་སྦྲུལ་སྙེད། སེམས་ལ་དངོས་པོ་མེད་པ་ལ་བགོད་ན། དཔེར་ན་ནམ་མཁའ་ལ་བཙག་རིས་མི་ཆགས་པ་བཞིན། དངོས་པོ་མེད་པ་ལ་བསྐོར་མི་བཏུབ་པོ།། བག་ཆགས་ལ་དངོས་པོ་མེད་ན། དཔེར་ན་བཀྲུས་པས་མི་འདབ། སྲེགས་པས་མི་ཚིག་བབཞིན་དུ།
29a4 བག་ཆགས་དེ་སྤངས་པས་མི་སྤོངས་སྤངས་པས་མི་སྦྱོངས། འོན་ཏེ་གཏིང་རང་རྒར་སྦྱང་མི་དགོས་ཏེ། གཏན་ཚིགས་དེ་ཉིད་ཀྱི་ཕྱིར། གཉེན་པོ་ཐམས་ཅད་ལ་དོན་མེད་པར་འགྱུར་རོ།། ཅི་སྟེ་བག་ཆགས་ཀུན་གཞི་ལ་བགོད་ན།། ཀུན་གཞི་རང་གི་ངོ་བོ་གང་ཡིན
29a5 ངེས་པར་ཡོད་དམ་མེད་ན། ཀུན་གཞི་རང་གི་ངོ་བོ་ནི་འཁོར་བ་འབའ་ཞིག་ཡིན་ཏེ། ལུང་ལས། ཀུན་གཞི་རྣམ་ཤེས་ངོ་བོ་ནི། མ་རིགས་ལོག་ལྟ་བག་ཆགས་རྣམས། ཡོངས་སུ་འདྲིས་པར་འགྱུར་བ་ཡིན། ཞེས་པ། ཡང་ལུང་ལས། མཐར་ཐུགས་དེ་བཞིན་གཤེགས་པ
29a6 ལ། ཀུན་གཞི་རྣམ་ཤེས་ཤེས་ཕྱིར་རོ།། ཞེས་པ་ཀུན་གཞི་རང་གི་ངོ་བོ་འཁོར་བར་ཐུགས་པའི་ཕྱིར། ལྷ་བསྒོམས་ལ་སྩོགས་པའི་འཁམས་ཀྱི་ཆ་ཐམས་ཅད་སྦྱངས་ནས། ཀུན་གཞི་ལ་བག་ཆགས་ཀྱང་འཁོར་བ་འབའ་ཞིགས་ལས་སངས་རྒྱས་པར་མི་འགྱུརརོ།།




iiif viewer powered by OpenSeadragon

28b - 29b

Texts on this page

Gbr005.2 - lta ba spyod pa'i 'khor lo