| | e-texts navigator
|
28b1 དང་། མི་འདྲ་བའི་ཁྱད་པར་ཅིར་ཡང་སྔང་ཡང་། རང་འབྱུང་གི་ཡེ་ཤེས་སུ་མཚུངས་ཤིང་ཅིག་པའ་ལ་ཞེས་བྱའོ།། ལྷ་མི་ལས་ཀྱི་གོལས་བསྟན་པའི་ཕྱིར། ལས་སོ་ཞེས་ནི་རྣམ་པར་བརྟགས་ཞེས་པ། འཇིག་རྟེན་འདི་ཡི་འདེ་སྡུག་ཀྱང་འཇིག་རྟེན་སྔ་མའི་ལས་ཁོ་ན་ལས་བྱུང་ལ
28b2 ཕྱི་མ་བདེ་སྡུག་ཀྱང་ཚེ་འདི་ཁ་ན་ལས་འབྱུང་ངོ་།། ཞེས་ཟེར་བ་ནི་ལས་དགེ་སྡིག་རྣམ་པ་གཉིས་སུ་ཕྱེ་སྟེ། ཆུ་སྡིག་པ་སྣ་ཚོགས་སྤྱད་པས་འབྲས་བུ་ངན་སོང་དུ་སྐྱེ་བར་རྟོགས་རྒྱུ་དགེ་བ་སྣ་ཚོགས་སྤྱད་པས་འབྲས་བུ་མཐོ་རིས་སུ་སྐྱེ་བར་བརྟགས་རོལ་བཅར་ཡང་མེངེས་པ་ལ་རྒྱུ་འབྲས་སུ་ཨི
28b3 སྲུ་བར་བརྟགས་ལ། དེའི་ཕྱི་མའི་བདདེ་སྡུག་ཚེ་འདི་ལི་སྤོངས་ལེམ་ལ་རག་ལུས་ཏེ་འབད་དོ།། སུན་དབྱུང་བ་བསྟན་པའི་ཕྱིར། མི་ཧེ་ལས་ཀྱི་དབང་འགྱུར་ན། རང་འབྱུང་ཡེ་ཤེས་ཡོད་མ་ཡིན། ཅི་སྟེ་བདེ་སྡུག་ཐམས་ཅད་ལས་ཁོ་ན་ལས་བྱུང་སྟེ། ལས་ཀྱི་དབང་ངེས་པར
28b4 བཙན་ན། སེམས་ཅན་ཐམས་ཅད་ལ་ཁྱབ་པའི། རང་འབྱུང་ཡེ་ཤེས་བྱ་བ་དེ་ཡོད་པ་མ་ཡིན་པར་འགྱུར་རོ།། དེ་མེད་དོ་ཞེས་ན། གཏན་དུ་རིང་བར་འགྱུར་རོ།། ཅི་སྟེ་རང་འབྱུང་ཡེ་ཤེས་དེ་གང་ལས་བྱུང་། དེ་ལས་ལས་བྱུང་ན་གཞན་བྱུང་དུ་འགྲོ་བ་དང་།
28b5 ལས་ལས་བྱུང་བའི་མི་རྟགས་པར་རིགས་དེ་ལས་ཀྲཱི་མ་བྱས་ན་ལས་ཁོ་ན་དབང་བ་ཙན་ནོ་ཞེས་པར་རྫུན་པར་རིགས་སོ།། ལུང་ལས། ཁབ་ལ་ས་ཐམས་ཅད་ལས་ལས་བྱུང་བས་ན། ལས་དེ་བྱེད་མཁན་སུ་ཞིག་ཡིན། ལས་ལས་རྒྱ་རྐྱེན་ཡོད་དམ་མེད། མེད་མ་རྟག་པས་གྲོལ
28b6 མི་རིགས་ཡོད་ན་ལས་ཉིད་འདུལ་བྱས་པས། ལས་བྱུང་བ་ཡང་དེ་འདྲར་འགྱུར། ཞེས་གསུང་སོ།། ཅི་སྟེ་ལས་དབང་བཙན་ན། ལས་བསྔ་འམ་སེམས་ཅན་སྔ། ལས་སྔན་ལས་དེ་ལ་བྱེད་པ་པོའི་མཁན་པོ་མེད་དམ། ཉིད་ཀྱི་བྱས་ཟེར་ན། དཔེར་ན
iiif viewer powered by OpenSeadragon
28a - 29a