| | e-texts navigator
|
5a1 སྒོམ་མ་སྒོམ་གཉིས་མེད་ཀྱི་རང་བཞིན་གསུམ་དུ་འདུས་སོ།། དེ་གསུམ་ཡང་དོན་ལུང་མན་ངག་བཞི་ཡི་སྒོ་ནས་གཉིསུ་མེད་པའོ།། དེ་ལྟར་ཡིན་ཡང་མགོ་བའོ།། གོལས་བསྟན་པའི་ཕྱིར། ཇི་བཞིན་པ། ཞེས་པ།
5a2 སྐྱེ་བོ་དང་མུ་སྟེགས་ལ་ཡང་དག་པའི་བསྒོམ་པ་མེད། ཉན་ཐོས་ཆོ་གས་དྲུག་བཀག་པའི་ཇི་བཞིན་པ་ལས་བསྒོམ། རང་རྒྱལ་ཡུལ་སྟོང་པའི་ཤེས་པ་སྐད་ཅིག་མ་གཏད་པ་ནས་ཇི་བཞིན་པ་ལ་བསྒོམ། སེམས་རྩམ་རང་རིག
5a3 པོ་གསལ་བ་ཉམསུ་མོངས་པའི་ཇི་བཞིན་པ་ལ་བསྒོམ། དབུ་མས་རྣམ་པར་མི་རྟོག་པའི་ཇི་བཞིན་པ་ལ་སྒོམ། ཀྲི་ཡས་རྗེ་ཁོལ་གྱི་ལྷ་ཇི་བཞིན་པ་ལ་སྒོམ། མ་ཧས་སྐྱེད་རིམས་རྫོགས་རིམས་ཇི་བཞིན་པ་ལ་བསྒོམ། ཨ
5a4 ནུས་ཆོས་ཉིད་ཇི་སྒོམ་པ་ལ་བློ་ཇི་བཞིན་པ་བཞག་པ་ལ་བསྒོམ། སུན་དབྱུང་བ་བསྟན་པའི་ཕྱིར་ཞེས་མི་རྟོག་ཀྱང་། ཅེས་པ། དེ་སྐད་ཅེས་ཟེར་བ་རྣམས་གོལ་ལོ།། ཞེས་དམ་བཅའོ།། ཉན་ཐོས་ཀྲི་ཡ་ཡོ་ག་གསུམ་རྟོགས
5a5 པ་བསྒོམ་པས་སྐྱོན་ཡིན་ཏེ། སྐྱེ་བོ་དང་ཁྱད་མེད་པ་དྲུང་། རྟོག་བསྒོམ་ལ་ཞེས་པ་དང་། རྟོག་པས་མི་གྲོལ་བ་དང་། ཆོས་ཉིད་རྟོག་བྲལ་དང་འབྲལ་ལོ།། རང་རྒྱལ་སེམས་ཙམ་དབུ་མ་གསུཾ། མི་རྟོག་པ་སྒོམ་པས་སྐྱོན་ཡིན་ཏེ
5a6 མི་རྟོག་བཱི་མུན་ཐོམ་པ་དང་། སྣང་བ་འགེག་པ་དང་། ཡིས་མི་སྐྱེ་བ་དང་། སྐྱེ་བའི་རྒྱུ་འབྲས་ལོག་པའོ།། རྒྱུད་ལུང་གཉིས་གཉིས་མེད་པར་བསྒོམ་པའང་སྐྱོན་ཡིན་ཏེ། གཉིས་མེད་ཀྱི་འཛིན་པ་དང་མ་བྲལ་བར་དང་།
iiif viewer powered by OpenSeadragon
4b - 5b