| | e-texts navigator
|
4b1 དོན་དམ་ཀུན་རྫོབ་ཀྱི་ཕྱེ་སྟེ། ཀྲི་ཡས་སེམས་དག་པའི་ཡུལ་རིག་གསུམ་གྱི་ཆ་ཤས་སུ་བགོས་ཡོ་ཀས་སྣང་སྟོང་གྱིས་ཆ་ཤས་སུ་སྐོས། མ་ཧས་བདེན་པ་གསུམ་གྱི་ཆ་ཤ་སུ་བགོས་ཨ་ནུས་ཀུན་ཏུ་བཟང་པོ་དང་བའང་མོ་དབྱེར
4b2 མེད་གསུམ་གྱི་ཆ་ཤིསུ་བགྲངས། ཨ་ཏིས་ཐུན་མོངས་མ་ཡིན་པའི་ཆ་ཤས་སུ་བསྟན་པའོ།། སུན་དབྱུང་བ་བསྟན་པའི་ཕྱིར། སྤྲོས་དང་ཞེས་པ་དེ་ལྟར་ཕྱོགས་འཛིན་མཐའ་དག་གི་ལོ།། ཞེས་བྱ་སྟེ། ཡེ་ནས་གནས
4b3 བའི་ཆོས་ཉིད་ལ། ཆ་ཤས་དེ་རྣམས་སོ་སོར་མ་འདྲེས་པར་ཡོད་ན་ངོ་བོ་སྤྲོས་པ་སྐྱེ། ཆོས་ཉིད་རང་རྒྱུད་པར་གྲོལ་བ་དང་། ཆོས་ཉིད་དུ་མའི་མཐར་གྲོལ་བ་དང་། མུ་སྟེགས་བྱེ་བྲག་དང་ཁྱུད་འཕགས། ཅིག་རྟོགས་ཀྱང་ཀུ།
4b4 མི་རྟོགས་པའི་སྐྱོན་ནི་ཆོས་ཉིད་ལ་མེད། བློ་ལ་གྲགས་པ་ཡིན་ཟེར་ན། བློའི་སྤྲོས་པ་སྟེ། ཆ་ཤས་དེ་རྣམས་དང་གཏན་ཆད་པ་དང་། སེམས་ཅན་ཆོས་གཏིངས་མེད་པ་དང་། བྲལ་བ་མེད་པ་དང་། བསྒྲུབས་ཀྱང་སངས
4b5 མི་རྒྱུ་བའི་སྐྱོན་ནོ།། ལ་འདས་པ་བསྟན་པའི་ཕྱིར། ཉིད་དུ་བྲལ་ཞེས་པ། ཆ་ཤེས་དེ་རྣམས་དང་ཡེ་ནས་གནས་པའི་ཆོས་ཉིད་དུ་གཅིག་ཕྱིར། རང་སར་བྲལ་ནས་ཀུན་རང་གྲོལ་བར་རྟོགས་པའོ།། བསྒོམ་པ་བསྟན་པའི་ཕྱིར།
4b6 སྣ་ཚོགས་རོང་བཞིན་མི་གཉིས་ཀྱང་ཞེས་པ། བསྒོམ་པ་སྣ་ཚོགས་གང་ལས་འདས་པ་སྟེ། སེམས་ཅན་གྱི་འདུ་ཤེས་མཐའ་ཡས་པའི་ཕྱིར།། དེ་ཡང་གར་འདུས་ཞེ་ན།
iiif viewer powered by OpenSeadragon
4a - 5a