e-texts navigator
Collection
Volume
Page
Wylie

29b1 སྒྲ་ཇི་བཞིན་སྤྱོད་བཞིན་རྟོག་པ་མེད་པའི་སྙིང་རྗེ་བའོ།། ཐེག་པ་ཆུང་ངུན་དུ་སྙིང་རྗེ་བའི་གན་སུ་བསྟན་པ་ནི་རང་གི་བློ་གྲོས་སྟོབས་བཞིན་འབྱུང་བ་སྩོགས་པ་ལྟ་བ་སྣ་ཚོགས་དག། མི་ཤེས་ཆུ་བོས་གཡངས་ཤིང་གསུངས་གི་བདུད་རྩི་ཉི།
29b2 ཁུ་རྣལ་འབྱོར་བྲལ་ཞེས་པ། རང་གི་ཤེས་རབ་ཀྱི་སྟོབས་དང་སྒྲར་གནས་དངོས་པོ་ལ་ཡུལ་ཡོད་པར་འཛིན་ཅིང་རྟོག་པ་སྣ་ཚོགས་སྐྱེས་པས། དོན་མེད་པར་རྩོལ་སྒྲུབ་ཀྱིས་གཡེངས་པ་བདུད་རྩི་དང་འདྲ་བའི་ཆོས་ཉི་དང་བྲལ
29b3 བརྒྱད་པ་དགེ་བའི་རྩ་བ་བསྔོ་བ་བཞི་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་པ་ནི། དེ་ཕྱིར་རྒྱལ་བ་མ་གསུངས་པའི་ལམ་མཆོག་ཐུགས་ཀྱི་གསང་པ་དམ་པ་ནི། ཀུན་ཏུ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ཐུན་མོང་མ་ཡིན་ཡང་ཞེས་པ
29b4 དེ་ན་དུས་གསུམ་གྱི་བདེ་བར་གཤེགས་པ་ལ་ཐུགས་ལ་གནས་པ་འདི་དགོངས་པ་བྱང་ཆུབ་སེམས་འདི་སངས་རྒྱས་ཉ་གཅིག་གི་དགོངས་པ་ཡིན་གྱིས་བདག་གི་སྤྱོད་ཡུལ་མ་ཡིན་ཞེས་ཁང་བསྒྱུང་བའོ།། ཆོས་ཀྱི་བཀའ་ལ
29b5 བརྟེན་པ་ནི། གོམས་པའི་མཐུ་ཡིས་མི་འུག་ལཱ་ཚུལ་དུ་ཚད་མ་དག་ལས་རཱ་བཱ་བསྒྲུབས་ཏེ་ཞེས་པ། བདག་འཇམ་དཔལ་བཤེས་གཉེན་ལ་སྟོན་པ་དགའ་རབ་རྡོ་རྗེའི་ཐུགས་རྗེ་ཤར་བས་རྒྱུད་མ་ནོར་བ་ལས་བསྡེབས་པ།
29b6 དགེ་འདུན་གྱི་དོན་དུ་བསྔོ་བ་ནི། འགྲོ་བའི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་གྱིས་པ་ཞེས་པ། མ་འོངས་པའི་དོན་དུ་རྒྱལ་བའི་དགོད་པ་འདི་གཞན་དུ་གྱིས་ཤིག་པའོ།། དེ་ཡང་མཉམ་ཉིད་ཀྱི་དོན་དུ་བསྟན་པ་ནི




iiif viewer powered by OpenSeadragon

29a - 30a

Texts on this page

Gbr005.1 - theg pa gcod pa'u 'khor lo