| | e-texts navigator
|
29a1 པའི་དབང་དུ་སོང་བ་སྟེ། སྒྱུ་མ་རྟོག་པ་དེའི་ཕྱིར། སྒྱུ་མའི་སྒྱུ་ཤེས་དག་གིས་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས་ཞེས་གསུངསོ།། རྨི་ལམ་གྱི་བསླང་བཞིན་དུ་རྨི་ཡིས་བདེན་པ་ཉམས་ཤིང་མི
29a2 ལམ་དབང་དུ་སོང་བའི་རྨི་ལམ་པ་ཞེས་པ། རྨི་ལམ་གྱིས་ཤེས་པ་འཁྲུལ་པ་ལ་བདེན་པར་འཛིན་པར་ལྟར། འཁྲུལ་པའི་ཆོས་ཉིད་ཉམས་ཤིང་འཁྲུལ་པ་ལ་བདེན་པར་བཟུང་བ་ནི་འཁྲུལ་པ་རྣམས་སྙིང་རྗེ་བའི་མུ་སྟེག་སྙིང་རྗེ་བ
29a3 ནིལ་མ་འདི་རང་སྤོང་ཞིང་མཐའ། ང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ། དེ་དག་རྫོལ་གསེར་བཞིན་ཐུག་རྗེར་རུང་ཞིང་ཐུག་རྗེའི་ཐུག་རྗེས་ཀྱེ་མ་འཕྲོགས་པ་ཡིན་ཞེས་པ། བྱང་ཆུབ་སེམས་འདི་སྤོ
29a4 ཞིང་གསེར་ས་ལེ་སྦྲ་མཱ་ལ་སེ་ལེར་སྦྱར་བ་དང་འདྲའོ།། རྟག་ཆད་ཀྱི་མཐའ་དང་རྟུལ་ཤུགས་ལམ་ལ་ཡང་དག་པར་བྱེད་པ་ནི་རྡོ་སྟག་གཟིགས་ནག་པོ་ལ་གསེར་ཡིན་ཟེར་ནས་ལེན་པ་དང་འདྲའོ།། གསེར་ལ་འདི་ཡིན་འདི་མ་ཡིན
29a5 ཞེས་གཞན་ལ་སྟོན་པ་ནི། གསེར་ཤེས་པའི་སྙིང་རྗེ་དང་འགྲོ་བ་ལྟར། ཆོས་ཉིད་ལས་ཐུག་རྗེ་ཤར་ནས་རང་དབང་མེད་པར་སྐྱེ་བའོ།། ཚངད་མའི་སྙིང་རྗེ་བའི་གནས་སུ་བསྟན་པ་ནི། ཤིན་ཏུ་མ་སྦྱངས་དུས་ཀྱིས་མནར་བའི་སྐྱེ་བོ
29a6 ལྔ་བརྒྱ་ཐ་མ་ལ། གསུངས་རབས་དྲི་མེད་རྟོགས་དཀའ་དག་ལས་སྒྲ་གཞིན་སྤྱོད་དང་ཚུལ་བཞིན་མིན་ཞེས་པ། དོ་ལ་མ་སྦྱངས་པའི་དུས་ལྔ་བརྒྱ་ཐ་མ་ཥ། བཀའ་ཚད་མའི་སྙན་པ་འདས་པའི་བསྟན་པ་ལ་ལྡེམ་དགོད་ཅམ
iiif viewer powered by OpenSeadragon
28b - 29b