e-texts navigator
Collection
Volume
Page
Wylie

1b1 ཤྱ། རྣམ་རྟོག་ཀུན་བཤིག་མཚན་མ་མེད་པའི་སྐུ།། ཤེས་རབ་རྣམ་གྲོལ་དབྱིངས་ཀྱི་ཆོས་ཉིད་དེར།། ཐམས་ཅད་འདུས་པར་རྟོགས་ཡང་དག་ལམ་ཡིན་པས།།
1b2 དཀོན་མཆོག་གསུམ་ལ་རྟོགས་པས་ཕྱག་འཚལ་ལོ།། འབྲོས་པའི་མཁར་དང་བསྲུང་བའི་མི།། དགོལ་བའི་དགྲ་དང་རྡེག་པའི་མཚོན།། གཞི་ལྡན་རིམ་པ་ནང་བརྩེགས་པའོ།། ཐེག་པ་གཅོད་པའི་འཁོར
1b3 ལོ་བཤད།། སྤྱིར་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔ་གསུངས་པ་ཡང་། སེམས་ཅན་རྣམས་ཀྱི་སེམས་ཆོས་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་གསུངས་ཏེ། དེ་ལ་བཤད་ཐབས་ལྔ་སྟེ། རྒྱུད་པ་པོ
1b4 དྲུག་གི་ལོ་རྒྱུས་དང་། དོན་ཐེག་པའི་རྩ་བ་དང་། ཡིད་ཆེས་པའི་ཡོ་ག་དང་ལན་ཐེབས་པའི་དགོས་ཆེད་དང་། རིས་ཕྱེད་པའི་ཚིག་དོན་ནོ།། ལོ་རྒྱུས་ལ་གསུམ་སྟེ། བྱིན་གྱི་རླབས་ཀྱིས




iiif viewer powered by OpenSeadragon

1a - 2a

Texts on this page

Gbr005.1 - theg pa gcod pa'u 'khor lo