e-texts navigator
Collection
Volume
Page
Wylie

3a1 སྤྲོས་བྲལ་ཡུལ་ལ་བཞག་པའོ།། ཟིན་པའི་ཚད་ནི་གསུམ་སྟེ། ཚེ་ཊ་བརྒྱད་ཡུལ་ལ་བལྟས་ཙམ་ན།། ཡུལ་ལ་མི་འཇུག་ཟིན་པ་ཡིན།། ཚོཊ་བརྒྱད་ནང་དུ་བསྡུས་ཙམ་ན།། མིང་མི་འདོ།།
3a2 ན་ཟིན་པ་ཡིན།། ཚོ་ཊ་བརྒྱད་རང་སོར་བཞག་ཙམ་ན།། གཡོས་པ་མེད་ན་ཟིན་པ་ཡིན།། སེམས་གཟུང་བའི་ཐབས་ཏེ་གསུམ་པའོ།། །། སྔོན་པོའི་སོན་པ་ཀུན་ཏུ་བཟང་པོ་ལ།། སྡུང
3a3 པའི་གསང་བདག་རྡོ་སེམས་དཔའ་ཡིས།། ཡན་ལག་རྩལ་སྣང་འཁྲུལ་པའི་སེམས་ཅན་ལ།། རྣམ་རྟོག་ཆེ་བའི་བསྒོམ་པ་ཇི་ལྟ་བུ།། འདོད་ཆཊ་ཆེ་བའི་བསྒོམ་པ་ཇི་ལྟ་བུ།། ཞེ་སྡང་ཆེ་བའི་བསྒོམ་པ་ཇི་ལྟ་བུ།།
3a4 གཏི་མུག་ཆེ་བའི་བསྒོམ་པ་ཇི་ལྟ་བུ།། ང་རྒྱལ་ཆེ་བའི་བསྒོམ་པ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། རྣམ་རྟོག་ཆེ་བའི་བསྒོམ་པ་ཆེན་པོ་ནི།། རྣམ་རྟོག་དབུན་ཀྱི་རྟ་ལ་རྟེན་པའི་ཕྱིར།། དབུར་གྱི་རྟ་ལ་སོས
3a5 ཉིད་ཕར་བཏང་ལཱ།། ཕྱི་རུ་སྤྲོ་ཡང་མིང་མི་གདཱང་བར་བཞག། ནཱང་དུ་རྔུབ་ཀྱང་རྟོག་པ་མི་སྐྱེའོ།། སེམས་ཉིད་སྟོང་པ་དབུཊ་ཀྱང་སྟོང་པར་སྐོམ།། འདོད་ཆཊ་ལྡན་པའི་བསྒོམ་པ་ཆེན་པོ་ནི།། འདོད་ཆཊ་ཡུ་ལས་སྐྱེས་པའི
3a6 ཕྱིར། ཡུལ་ནི་མི་རྟོག་རྐྱེན་དུ་གྱུར་པས་ཏེ།། མི་རྟག་རྐྱེན་གྱིས་ཤི་བའི་རོ་དག་ལ།། དང་པོ་འདི་ཉིད་འདོད་ཆཊ་རྒྱུ་ཡིས་གྲུབ།། བདག་གིས་ལས་ཀྱང་འདི་འདྲར་རྣམ་པར་བསྒོམ།། ཞེ་སྡང་ལྡང་བའི་བསྒོམ་པ་ཆེན་པོ་ནི།། དང་པོ




iiif viewer powered by OpenSeadragon

2b - 3b

Texts on this page

Gbr004.23 - rin po che sna tshogs ral gri'i rgyud