e-texts navigator
Collection
Volume
Page
Wylie

2b1 པ་འདི་འབྱུང་སྟེ།། མཎྜལ་རྣོགསུཾ་རིམས་ཀྱིས་ཕུལ་བ་ཡིས།། སྒྲིབ་པ་རྣཾ་གསུཾ་རིམ་གྱིས་བྱང་བར་འོང་།། ཕ་རོལ་ཕྱིན་དྲུག་དབང་དུ་རྫོགས་པའོ།། ས་དང་ལམ་ཉེ་མྱུར་དུ་ཐོབ་པར་འགྱུར།། དཀོན་མཆོག
2b2 གསུཾ་གྱི་རྩལ་འདི་སྤྱད་པས། སྐུ་གསུང་དབྱེར་མེད་ཆོས་སྐུ་དོན་རྟོར་འགྱུར།། རྩལ་སྣང་མཎྜལ་བྱ་ཞིང་དབུལ་བའི་ལེའུ་སྟེ། གཉིས་པའོ།། །། སྟོན་པའི་སྟན་པ་ཀུན་ཏུ་བཟུང་པོ
2b3 ལབསྡུད་པའི་གསང་བདག་རྡོས་ས་དང་སུ།། ཡན་ལག་བརྩལ་དུ་སྣང་བའི་ཆོས་རྣམས་ལ།། སེམས་ཉིད་བཟུང་བའི་ཐབས་ནི་སུ་ཞིག་མཆིས།། སེམས་ཉིད་བཞག་པའི་ཐབས་ནི་དུ་ཞིག་མཆིས།། སེས་དེ་ཟིན་པའི
2b4 ཚད་ནི་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེསྲ།། སེམས་ཉིད་གཟུང་བའི་ཐབས་ནི་འདི་གསུཾ་སྟེ།། དང་པོ་སེམས་ཀྱི་གཞི་ལ་ཕར་བཙལ་བྱས།། སེམས་དེ་ཅིར་ཡང་གྲུབ་པ་མེད་པར་ཤེས།། གྲུབ་མེད་དང་ལ
2b5 རྟག་ཏུ་གནས་པར་བྱ།། བསྒྲུབ་པ་མེད་པའི་སེམས་ཉིད་དེ།། ཕྱི་རོལ་ཡུལ་ལ་ཕར་བལྟས་པས།། ཡུལ་དེ་དངོས་པོ་སྟོང་པར་ཤེས།། སྟོང་པའི་དཔལ་གནས་པར་བྱ།། སྟོང་པའི་རིག་པ་ཆེན་པོ་དེས།། ཕྱི་ནང་ཀུན
2b6 གྱི་ཆོས་རྣམས་ལ།། དངོས་ཞེ་ན་དངོས་རྟོཊ་མི་སྐྱེ་ན།། དངོས་བྲལ་དངཔ་ལ་གནས་པར་བྱའོ།། སེཾས་ཉིད་བཞག་པའི་ཐབས་གསུམ་སྟེ།། དངོས་མེད་ན་མཁའ་ལ་བཞག་པ་དང་།། རིག་མེད་སེམས་ལ་བཞག་པ་དང་།། །




iiif viewer powered by OpenSeadragon

2a - 3a

Texts on this page

Gbr004.23 - rin po che sna tshogs ral gri'i rgyud