e-texts navigator
Collection
Volume
Page
Wylie

2b1 འཛུད། ཕྱིན་པའི་དུས་མེད་རྟོག་པའི་མཐའ་ཡང་མེད།། སྟོན་པའི་སྟོན་པ་ནོར་བུ་རིན་ཆེན་བཞིན།། དམིགས་པ་མེད་ཅིང་འགྱུར་པ་མི་བྱེད་པསྲ།། རང་བཞིན་དམིགས་པར་རེ་བ་ཐ~ཾད་སྒོང་།། བདག་མེད་གཞན
2b2 ནས་མི་འབྱུང་ལེགས་པ་ཆེ།། དྲན་དང་ཤེས་བཞིན་བརྡའ་འམ་སྙིང་རྗེས་བརྟན།། བླ་མེད་བྱང་ཆུབ་སྙིང་པོ་གྲོལ་བའི་ལམ།། དྲི་ལྟ་བུའི་ཆོས་སྐུ་ཐོབ་པ་མེད།། ཆོས་སྐུ་མེད་ཕྱིར་ཐོབ་བྱའི་ཡུལ་ཡང
2b3 མེད། སངས་རྒྱུས་སཾ་ནུ་ཚེ་སྐུར་བཏགས་པའི་ནོར།། སངས་རྒྱས་གཞན་ནས་ཐོབ་བྱེད་རོལ་པའི་ལམ།། རང་རིག་རྡོ་རྗེ་སེམས་ཉིད་ཆོས་ཀྱི་སྐུ།། ཅེས་གསུངས་སོ།། བྱུང་སེམས་ཐིགས་པ་ཕྱི་མྱའི
2b4 རྒྱུད་ལས།། རྡོ་རྗེ་དོན་གྱི་ཐིགས་པ་སྟེ། ཐིགས་པ་གཉིས་པའོ།། ། དེ་ནས་ཡང་སྟོན་པས་འཁོར་རྣམས་ལ་གསུངས་པ།། ཁྱུད་ཆེན་ན་མཁའ་ལྡིངས་ཏེ་འགྲོ་བ
2b5 བཞིན་རྡོ་རྗེ་སེམས་ནི་ནཱི་ལ་ཡང་ཐོགས་པ་མེ་དུ།། སངས་རྒྱས་བདེ་བའི་སྤྱོད་ཡུལ་དག་པ་ལ།། སྐྱེ་ཤི་འཕོ་བའི་གནས་མེད་དེ་བཞིན་ཉིད།། རྒྱ་མཚོ་ལྟ་བུར་སྱེན?་ཡེ་གནས་ལ།། ཆོས་རྣམས
2b6 སྣ་ཚོགས་མ་ལུས་འབྱུང་བའི་རྒྱུ།། བཤད་པའི་ཚིག་ཏུ་བཏགས་པའི་ཆོས་ཀུན་ལས།། རྙེད་པར་མི་འགྱུར་རང་གི་སེམས་ལས་མེད།། འཁྲུལ་པོ་རྣམས་ཀྱི་སྒོ་ཅི་ཉིད་དུ་ནི།། ཚིག་དང་ཡི་གེར་བསྟན




iiif viewer powered by OpenSeadragon

2a - 3a

Texts on this page

Gbr004.16 - byang chub sems thig pa nyi shu rtsa gnyis pa'i rgyud