e-texts navigator
Collection
Volume
Page
Wylie

2a1 ཕྱི་ནང་གཉིས་མེད་ཡེ་ནས་དེ་བཞིན་ཉིད།། ཀུན་གྱི་རང་བཞིན་བླ་མེད་ཞི་བའི་ཆོས།། བསྒྲུབས་མེད་བརྩལ་མེད་སྨོན་པ་མེད་པའི་ས།། རྣལ་འབྱོར་ལམ་མཆོག་ཉི་ཤུ་རྩ་གཉིས་དོན།། གཉིས་མེད།།
2a2 བདེ་ཆེན་ཡོངས་ཀྱི་དག་པ་ལ།། རྣལ་འབྱོར་ལྔ་སྤྱོད་འཛིན་སྡོམ་དེ་བཞིན་གནས།། དེ་ལྟར་གནས་པའི་རྣལ་འབྱོར་དམ་པ་ནི།། ཡི་ནས་སངས་རྒྱས་ཡིན་ཏེ་རྒྱལ་པོ་ཆེ།། རྟོག་སྤྱོད་རྣམ་དག་ཉིད་དེ་ཆོས་ཀྱི་དབྱིངས།།
2a3 བསྟན་པའི་ལམ་འདི་ལ་ནི་གནས།། སྒྲོ་སྐུར་བཅངས་གྲོལ་སྤངས་པའི་ཆོས་ཀྱི་དབྱིངས།། ལོག་རྟོག་བྱིས་པའི་ཅི་ཞིག་བསླད།། རྒྱུ་འབྲས་གཉིས་མེད་སངས་རྒྱས་སེཾན་མེད།། ཀུན་གྱི་རང་བཞིན་གཞི་རྩི
2a4 མེད་པ་ལ།། འཁྲུལ་པས་ནོར་པའི་ལམ་དུ་བཏགས་པ་ཡང་།། བསྟན་པའི་ལམ་ཆེན་འདི་ལས་གཞན་མེད་པས།། མཉམ་པར་ཤེས་ན་སངས་རྒྱས་ཀུན་གྱི་རྗེ།། ཅེས་གསུངསོ།། །། བྱང་སེམས
2a5 ཐིག་སྲ་པ་ཕྱི་མའི་རྒྱུད་ལས།། མཉམ་པ་དོན་གྱིས་ཐིགས་པ་སྟེ།། དང་པོའོ།། །། དེ་ནས་ཡང་སྟོན་པས། འཁོར་རྣམས་ལྔ་གསུངས་པུ།། མཆོག་ཏུ་རྨད་བྱུང་ཕྱི་ནང
2a6 ཀུན་གྱི་དང་།། ཨེ་ནས་རྣམ་པར་དག་པའི་སྤྱོད་ཡུལ་ལ།། སངས་རྒྱས་མ་རྒྱས་མེད་དེ་བསྐལ་ཅན་དབང་།། བདག་གཞན་བརྟགས་པས་མུ་སྟེགས་འཁྲུལ་པའི་ལམ།། བྱིས་པ་སླུ་ཕྱིར་བྱིས་པའི་ཆོས་ལ




iiif viewer powered by OpenSeadragon

1b - 2b

Texts on this page

Gbr004.16 - byang chub sems thig pa nyi shu rtsa gnyis pa'i rgyud