e-texts navigator
Collection
Volume
Page
Wylie

18a1 བཞི་པ་རང་ཡ་ན་ལྷུག་པ་ཡིན།། ལྔ་པ་གང་ཡང་འབྲེལ་མེད་སྤྱད།། དྲུག་པ་གླང་པོ་དོགས་མེད་ཉིད།། སྲོག་ལྡན་ཉམ་ང་རེ་དོགས་མེད།། བདུན་པ་ཐཾད་དག་པའི་ཕྱིར།། བྱ་དང་མི་བྱ་ཅུང།
18a2 ཟད་མེད་ལྔ་བརྒྱད་པ་ལྷུན་རྫོགས་སྤྱད་པ་སྟེ།། སྲོག་ལྡན་ཇི་བཞིན་རྣལ་འབྱོར་པས།། ཐབས་ལྡན་རིག་སྟོབས་ཁྱད་པར་དུ།། གང་འགྱུར་མ་ཡེངས་སྤྱད་པར་བྱ།། མི་འགྱུར་བྲལ་ན་རང་བཞིན་བཏང་།། ངོས
18a3 བྲལ་མ་བརྩོལ་ཐ་མ་ལཾ་སེམས།། ངེས་ཅན་མཐར་འཛིན་ལོག་སྲེ་པ་ཅན།། ཆེད་བྱས་རྩོལ་དང་སྒྲུབ་པ་དང་།། ཟིན་ཆགས་བླང་དོར་དག་གི་སྒྲུབ་དང་།། ཞེན་དང་འགོག་དང་ཕྱལ་བ་དང་།། བཏང་སྙོམས་ཡོད་དང
18a4 མེད་པ་དག། མི་དོར་རྒྱུ་མེད་རང་བཞིན་བཏང་།། ཐོགས་ཆགས་མེད་པའི་ཡིས་ཀྱིས།། ཕྱོགས་བྲལ་ཡིས་ཆེན་པོས་བརྒྱས།། རིག་པོ་རྫོགས་པ་གཏིང་དཔག་མེད།། མྱོང་བ་བདེ་བའི་རང་བཞིན་ཏེ།།
18a5 རྟོག་སྤྱོད་རྒྱུ་བ་བྲལ་བ་ཡ་སི། བསམ་མེད་དྲན་མེད་ས་ལ་ལེ་ག། ཏིང་འཛིན་ཤེས་རབ་རྫོགས་པ་ཏེ།། ལྷག་པའི་སླབ་པ་ཀུན་རྫོགས་པའོ།། ན་མཁའ་རྡོ་རྗེ་འགྲོ་འདུལ་ཐབས།། ཇི་སྙེད་སྤྱོད་པ་མདོར
18a6 བསྡུས་པ།། དང་པོ་ནས་བཟུང་མཐར་ཐུགས་པར།། ཁྱབ་པར་དགོངས་པས་སྤྱོད་པ་ཡིན།། ཇི་སྙེད་རྒྱལ་བ་ཐ~ཾད་ཀྱིས།། སྐུ་གསུང་ཐུགས་ཀྱི་ངོ་བོ་ནི།། བདེ་ཆེན་རིག་པའི་ཡིས་ཏེ།། མ་ལུས་མཁའ་ལྟ




iiif viewer powered by OpenSeadragon

17b - 18b

Texts on this page

Gbr004.22 - man ngag rig pa klong rdzogs kyi rgyud