e-texts navigator
Collection
Volume
Page
Wylie

17b1 རྣམ་པའི་བྱེ་བྲག་ཅིར་འགྱུར་བ།། ཡཻས་སྲོག་གསུམ་འགྱུར་བ་མེད།། མཚན་མ་ཆུ་དང་རླབས་བཞིན་ནམ།། བཅུད་དང་སྙིང་པོ་རྣམ་པའམ།། མཁའ་ཡི་ཆོ་འཕྲུལ་ཇི་ལྦུ་བར།། མ་བརྩལ་རང་བཞིན་གཡོ
17b2 མི་འགྱུར། གང་དག་ཐུགས་རྗེའི་ངང་ཡིན་པས།། གང་ལ་དགའ་བའི་དོན་ཆེད་དུ།། ཡིས་མཚོན་སྒོར་མ་གྱུར་པ།། ཅུང་ཟད་ཙམ་ཡང་ཡོད་མ་ཡིན།། ཀུན་ཀྱང་ཡིས་ཉིད་རྟོགས་པས།། ལྕགས་ལ་ཐབས
17b3 ཀྱིས་མཛད་པ་ལྔར།། མན་ངག་ཐབས་ཀྱིས་ཕ་རོལ་ཕྱིན།། གང་ཡང་གཡབས་ལམ་དུ་བདེ།། བདེ་སྟུ་ག་གང་ཡང་མི་འདོར་ན།། དེ་དག་ལེན་པར་ག་ལ་ཡིན།། དྲང་པོར་རང་བཞིན་བསྟན་པ་སྟེ།། གཉིས
17b4 བ་རིག་པས་ཕྲད་པ་ཡིན།། གསུམ་པ་གཟུངས་དང་ལྡན་པ་སྟེ།། བཞི་པ་བཏང་སྙོམས་ཆེན་པོ་ཡིན།། ལྔ་པ་འབབ་ཆུ་ལྟ་བུ་སྟེ།། དྲུག་པ་མཁའ་ལྭ་ཉི་ཤར་བཞིན།། མི་འདའ་འབྱེད་པ་མེད་པའོ།།
17b5 བདུན་པ་རིན་ཆེན་གླིང་ཕྱིན་ཏེ།། བརྒྱད་པ་རིན་ཆེན་ལྷུན་རྫོགས་སམ།། ཉི་མའི་འོད་དང་སྙིང་པོ་ལྟར།། བདག་གཞན་དོན་ཀུན་རྫོགས་པར་གནས།། རིན་ཆེན་གཞི་ལ་འགྱུར་མེད་ཀྱང་།། དབང་པོ་ཤེས
17b6 རབ་གོམས་ཚུལ་གྱིས།། རིན་ཆེན་སེལ་དང་བྲལ་བ་ལྟར།། གོམས་པའི་ཤུགས་ཀྱིས་གྲུབ་པ་ཡིན།། དང་པོར་མོས་དང་ལྡན་པ་སྟེ།། གཉིས་པ་མི་གཡོ་རྩེ་ཅིག་པ།། གསུམ་པ་འབྲེལ་པས་བར་ཆད་མེད




iiif viewer powered by OpenSeadragon

17a - 18a

Texts on this page

Gbr004.22 - man ngag rig pa klong rdzogs kyi rgyud