| | e-texts navigator
|
17a1 གླ་ངག་ལུང་མེད་ཅིང་།། རྣ་བ་རྒྱུད་དགོངས་པ་མི་ལྡན་པས།། གང་བསྟན་ལོག་པའི་ཁམསུ་འགྱུར།། དེ་བས་ག་དམ་ངག་ཐོབ་པར་བྱ།། ངེས་པར་ཐོབ་པར་ཤེས་པ་ཡིས།
17a2 དེ་དག། དོན་ལས་མེ་འདའ་ཡང་།། རིན་ཆེན་གླི་ཡང་བགྲོད་པ་འམ།། མུན་པ་འོད་དང་ཕྲད་པ་ལྟར།། གཞེ་ཅིག་སྔོབས་ཀྱིས་ཁྱད་པར་འཕགས།། དུས་གཞི་ཐོག་མ་དང་པོ་ནས།། འཁྲུལ
17a3 བཅང་བརྟགས་པ་རྣམ་པར་བཟློག། དབང་པོ་གོམས་པ་ཆེ་ཆུང་གིས།། མི་གནས་པ་དང་ཅུང་ཟད་གནས།། ཡུན་རིང་ངལ་བས་འབབ་ཆུ་འདྲ།། དེ་ལ་ཡིས་མ་བརྩལ་ན།། བར་ཆད་མེད་པའི་བརྩོན
17a4 འགྲུས་ཀྱིས།། འབབ་ཆུ་ལྟ་བུ་ར་གླ་ནས་གྱུར་ན།། རྒྱ་མཚོ་ལྟ་བཨཱ་རྱ་མི་གྲ་ཡོ་གྷ། མཁའ་གས་ལ་འོད་ཀྱི་སུ་བརྡལ་བ་ལྟར།། དུས་མཚམས་མེད་པར་གནས་པར་འགྱུར།། དུས་ཅིག་འཇུག་པས
17a5 རྣལ་འབྱོར་པས།། མན་ངག་ངེས་པའི་ལུང་ཐོབ་ནས།། རྒྱ་མཚོ་འོད་ཀྱིས་ཕོག་པའམ།། མཁའ་ལ་ཉི་འོད་འབར་བ་ལྟར།། དེ་མ་ཐག་པར་ལྷུན་གྱིས་གྲུབ།། ཐག་པ་སྦྲུལ་མཐོང་སེལ
17a6 བ་ལྟར་རྩེ་ངེས་པ་ཐོབ་པས་དབྱུག་ཆེན་ཕྱིན།། མ་བརྩལ་ལྷུན་བཞག་རྣལ་འབྱོར་པས།། ཐུན་དང་མཉམ་པ་ཞག་རྩིར་མེད་པས།། དུས་ཅིག་མི་གཡོ་རྣལ་འབྱོར་ཐོབ།། འོན་ཀྱང་མ་ཡོངས་གཞི་ཅིག་ལ
iiif viewer powered by OpenSeadragon
16b - 17b