e-texts navigator
Collection
Volume
Page
Wylie

15a1 ཙཿ། མི་ཐོགས་འབྲས་བུ་མྱུར་དུ་ཐོབ་ཅེས་བསྟན་པའོ།། ། བྱང་ཆུབ་ཀྱི་སེམས་མན་ངག་རིག་པའི་ཁུ་བྱུག་གསུང་གཱི་རྒྱུད།། ས་མ་ཡ་སོ་ཕག་ཤི་ཐམས། རྫོག་སོ།། །
15a2 བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྟོན་པ་ཐུགས་རྗེ་ཆེ་མངའ་བས།། ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས།། བྱིན་གྱིས་བརླབས་ཀྱིས་བཤད་པ་ཡིས།། རིག་པ་ཐ
15a3 ཀྱི་རྒྱུད་པའི།། མང་ངག་གསེར་གྱི་རུ་སྦ་ལ་བསྐུམ་པའི་རྒྱུད་འཁོར་རྣམས་ཀུན་ལ་བསྟན་པ་ནི།། གསེར་གྱི་རུས་སྦལ་རྒྱ་མཚོའི་བཏིང་དུ་བསྐུམ།། རང་ལ་གས་ལ་ཀྱང་གཞན་གྱིས་མཐོང་བ་མེད།། བདག
15a4 གཞན་གཉིས་སུ་མེད་པས་བདེ་བའི་བག་ལ་ཉེལ།། གང་དུ་མི་གཡོ་དེ་བཞིན་ཉིད་དུ་བདེ།། དེ་བཞིན་སྙིང་པོ་བྱང་ཆུབ་སེམས།། ཆོས་ཉིད་དབྱིངས་ནས་སེམས་ཉིད་སྐུ་བ་ཞུགས་པ།། རང་ལ་རང་གས་ལ་གཞན
15a5 གྱིས་མཐོང་བ་མེད།། བདག་དང་གཞན་མེད་བདེ་བ་བག་ལ་གཟིམས།། གང་དུ་མི་གཡོ་དེ་བཞིན་ཉིད་དུ་གནས།། གསེར་གྱི་རུས་སྦལ་རྒྱ་མཚོའི་བཏིང་དུ་བསྐམས་ཞེས་པའོ།། བྱང་སེམས་མུན་དགྲ་གསེར་གྱི
15a6 རུས་སྦལ་བསྐུམས་པའི་རྒྱུད།། དོན་རྡེག་ཚིག་གིས་ཡང་དག་དོན་བསྟན་པ།། རུས་སྦལ་རྒྱ་མཚོའི་གཏིང་དུ་བསྐུམ་པ་མཐོང་བ་དཀའ་བ་ལྟར།། བྱང་སེམས་མན་ངག་སྙིང་པོའི་དོན་མཆོག་འདི།། ཐིག་ལེའི་ཀློང




iiif viewer powered by OpenSeadragon

14b - 15b

Texts on this page

Gbr004.20 - byang chub kyi sems man ngag rig pa'i khu byug gsung gi rgyud
Gbr004.21 - byang chub sems kyi spyi lung chen po rdzogs pa'i rgyud