e-texts navigator
Collection
Volume
Page
Wylie

13a1 ནས་མ་བཅོས་དེ་བཞིན་ཉིད་དུ་གནས།། གང་ལ་ཡང་བློ་གནས་ཤིང་ནི་ཡང་བསཾ་པ་ཡིན།། མི་གཡོ་དྲང་ལ་གསལ་ཞིང་རྒྱུན་བཞག་ལ།། མན་ངག་དང་མོའི་འགྲོས་ཏེ་རིག་པ་རང
13a2 ཉུལ་ཤར།། ཐུགས་རབ་སྲས་མཆོག་དམ་པ་ཡང་རབ་ཀྱིས།། ཐུགས་མཆོག་དམ་པ་འདི་བཟུང་དང་གནས་ན།། ཡུན་དུ་མི་ཐོགས་མྱུར་དུ་མངོན་སངས་རྒྱས་ཞེས་བསྟན་ཏོ།། བྱང་ཆུབ་སེམས་དང་མོ
13a3 འགྲོས་ཀྱི་རྒྱུད། བཱ་ས་མ་ཡ་སོ་ཕག་ཤི་ཐམས། རྫོགས་སོ།། བཅོམ་ལྡན་འདས་དཔལཱ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ།། སྟོན་པ་ཐུག་རྗེ་ཆེ་མཱང
13a4 བཱསདྷ་ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་ནས།། བྱིན་གྱིས་བརླབས་ཀྱི་སུ་པ་ཡིན།། རིག་པ་ཐབས་ཀྱི་རྒྱུད་པའི།། མན་ངག་རིག་པའི་ཁུ་བྱུག་གསུང་གིས་རྒྱུདོ།། འཁོར་རྣམས་ཀུན་ལ་བསྟན་པ་ཡིན།།
13a5 རིག་པ་ག་ཡུའི་ཁུ་བྱུག་གསུང་སྙན་མཁའ་ལ་སྒྲོགས།། གང་ལྟར་ནི་བྱེད་སྐྲགས་སྙན་དོར་བར་བྱེད།། ལྷ་ང་ལྷང་གྲགས་པས་ཀུན་ཀྱང་སྤོ་བ་སྐྱེ།། གང་དུ་མི་སྐྱེལ་དེ་བཞིན་ཉིད་དུ་སྤྲོ།། དེ་བཞིན་མན
13a6 ངག་སྙིང་པོ་བྱང་ཆུབ་སེམས།། གདོད་ནས་སངས་རྒྱས་ཉིད་དེ་རང་བཞིན་ཀུན་ལ་ཁྱབ།། རང་བཞིན་མེད་པས་དོར་མེད་སྙིང་པོའི་ངང་།། བརྗོད་མེད་རང་བཞིན་མེད་པས་ཡང་དག་དེ་བཞིན་དོན་གྱི་གསུང་།། །




iiif viewer powered by OpenSeadragon

12b - 13b

Texts on this page

Gbr004.19 - byang chub sems ngang mo 'gros kyi rgyud
Gbr004.20 - byang chub kyi sems man ngag rig pa'i khu byug gsung gi rgyud