| | e-texts navigator
|
2b1 ངཿརིགས་ལྔ་སངས་རྒྱས་ངའི་སྐུ།། དེའི་ཡུལ་ལྔ་ངའི་གདེངས།། ལེས་རྣམ་ལྔ་ང་ཡིས་རྟོགས།། སྤྱན་མངརང་རང་མཐོང་བའི་སྤྱན།། རིགས་ལྔ་སྐུ་ལྔ་ཡིས་ཝཱ།། ཧཱུཾ་ལས་འོག་མིན་སེམས་པར
2b2 སྣང་རིགས་དྲུག་ཐུབ་དྲུག་གདུལ་བྱ་ང་།། དུག་ལྔ་ཕུང་པོ་འབྱུང་ལྔ་ང་།། ཕྱོགས་ལྔ་འདྲེ་ལྔ་སྡེ་བརྒྱང་དང་།། ཕྱོ་ཊ་སྐྱོང་རྒྱུ་སྐར་གཟའ་བརྒྱ་དང་།། ལྷ་ཀླུ་ནོར་བུ་རིན་ཆེན་ང་།། ནང་ལྔ་ལོ་ཟླ་ཞག་གྲ
2b3 ང། ཕྱོགས་ལྔ་ཁ་དོག་དབང་པོ་ང་།། དོན་སྙིང་ཡན་ལ་གཤ་རུས་ང་།། ང་ནི་དོན་གྱི་སྙིང་པོ་ཧཱུཾ།། གཞི་རྟགས་ཀུན་གྱི་དབུགས་དང་སྐད།། གཞི་ནི་སྙིང་པོ་ཆོས་ཀྱི་དབྱིངས།། ཅེས་གསུངསོ།། རྡོ་ཡང་རྟོག
2b4 སྙིང་པོའི་རྒྱུད་ལས།། ཆོས་ཉིད་ཀྱི་འབྱུངས་བསྟན་པའི་ལེའུ་སྟེ། གཉིས་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡང་།། ཀྱཻ་ཀྱཻ་སྟོན་པ་ཀུན་ཏུ་བཟང་།། དེ་ལྟར་ཆོས་ཉིད
2b5 སྙིང་པོ་འདི།། འཁོར་འདས་གྱེས་པ་ཇི་ལྟ་བུ།། དེའི་དུས་འདི་གང་ལས་བྱུང་།། ཅེས་གསོལ་བས།། རྡོ་རྗེ་འཆང་པས་བཀའ་སྩལ་པ།། ཉོན་ཞིག་སེམས་དཔའི་མཁ་འགྲོ་ཁྱོད།། སྙིང་པོ་གཉིས་མེད་གཞི
2b6 མ་ལས།། རང་བྱུང་ར་དུ་རླུང་འགག་པ་མེད།། སྙིང་པོ་འགག་མེད་ཧཱ་རླུང་བརྩལ།། དེ་ཉིད་རང་གདངས་འོད་དུ་འབྱུང་།། སྙིང་པོ་ཧཱུ~ཾ་གི་རང་བྱུང་ཡིན།། ཁ་དོག་སྣ་ཚོགས་གཞའ་ཝཱར་གསལ།། འགྱུས་དྲན་འཇིན
iiif viewer powered by OpenSeadragon
2a - 3a