| | e-texts navigator
|
2a1 དང་པོའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། རྡོ་རྗེ་འཆང་ལ་འདི་སྐད་གསོལ།། ཀྱཻ་ཀྱཻ་སྟོན་པ་ཀུན་ཏུ་བཟང་།། སྙིང་པོའི་དོན་འདི་ཇི་ལྟ་བུ།། ཞེས་ཞུས
2a2 པས་ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཞིག་རྡོ་རྗེ་རྣལ་འབྱོར་མ།། སྙིང་པོ་ལྷུན་གྲུབ་ཀུན་གྱི་གཞི།། རང་བྱུང་དུ་མ་སྙིང་པོའི་རྩལ།། ང་ནི་རང་བྱུང་སྙིང་པོ་ཡིན།། ཐ་དཾ་ང་ལས་བྱུང་བ་ཡིན།། ནོར་བུ་རིན་ཆེན་སྟོན
2a3 འདྲ་ད་ནི་སྙིང་པོ་ཀུན་གྱི་གཞི།། བརྟོགས་པས་ནི་གྲོལ་བ་དེ།། ཆོས་སྐུ་ཡུལ་མེད་ཕྱོགས་དང་བྲལ།། ཡུས་སྣང་སྤངས་པས་རྟོགས་པ་རྒྱས།། མིང་ཚོགས་གྲོལ་བས་ཡིས་རྒྱས།། སྐྱེས་འགྱུར་མིང་མེད་ངའི་སྐུ།།
2a4 ཉི་མའི་སྙིང་པོ་འོད་ཟེར་འབྱུང་།། ཆོས་སྐུའི་སྙིང་པོ་ཐུགས་རྗེ་འབྱུང་།། བྱིན་གྱིས་བརླབ་སུ་སྣང་བ་ཡིན།། ང་ཉིད་སྤྲུལ་པ་རྡོ་རྗེ་སེམས།། སྲ་བཅུའི་བྱང་ཆུབ་སེམས་དཔའ་ང་།། དྲི་ཉིད་སྤྲུལ་པ་ཐུབ་པ་དྲུག།
2a5 འགྲོ་དྲུག་སེམས་ཅན་རྣམས་ལ་སྣང་།། མ་རིག་འཁྲུལ་པ་རིགས་དྲུག་པ།། བདེ་གཤེཊ་སྙིང་པོ་འཁོར་བའི་རྒྱུ།། འགྲོ་དྲུག་སེམས་ཅན་སྙིང་པོས་ཁྱབ།། ང་ལས་འབྱུང་བ་མ་ཤེས་འཁྲུལ།། ས་ཆུ་མི་རླུང
2a6 སྣོད་རྟེན་པ།། ནམཁའ་ཁྱབ་པའི་རང་བྱུང་ལྔ།། གླིང་བཞི་གླིང་ཕྲན་རི་རབ་ང་།། སྣོད་བཅུད་སྣང་བ་གཟུང་འཛིན་ང་།། ང་ནི་སྙིང་པོ་ཧཱུཾ་གི་རྩལ།། འཁོར་འདས་གཉིས་ཀ་ངོའི་རྩལ།། འགག་པ་མེད་པ་གཉིས་ཀ།
iiif viewer powered by OpenSeadragon
1b - 2b