| | e-texts navigator
|
1b1 རྒྱ་གར་སྐད་དུ། བཛྲ་བ་ཡེ་ཀེ་དུ་ཧྲི་ད་ཡ་ཏན་ཏྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཡང་རྟོག་གི་སྙིང་པོའི་རྒྱུད་ཅེས་བྱ་བ།། དཔལ་རྡོ་རྗེ་འཆང་ཆེན་པོ་རང་རིག་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི
1b2 ཐོས་པའི་དུས་གཅིག་ན།། སྟོན་པ་རྡོ་རྗེ་འཆང་ཆེན་སྐུ།། ཆོས་དབྱིངས་སྙིང་པོ་རང་བྱུང་གནས།། སྔ་ཕྱི་མེད་པ་སྙིང་པོའི་དོན།། རང་བྱུང་སྤྲུལ་པའི་ཉིད་ཀྱི་འཁོར།། རང་བྱུང་སྙིང་པོ་རྟོགས་པའི་ཆོས།། གཅིག་ལས
1b3 ཐཾད་འབྱུང་བར་རྟགས།། ཡང་དང་བྲལ་བའི་ཐིག་ལེ་ནི།། ཅི་ཡང་ཡིན་པར་ཐ~ཾད་གྲོལ།། དེ་ནས་རྡོ་རྗེ་སེམས་དཔའ་དང་།། རྡོ་རྗེ་དབྱིངས་ཀྱི་མཁ་འགྲོ་མ།། རྡོ་རྗེ་དྲག་མོ་ཉི་ཟླའི་གདོང་།། སེཾས་དཔའ་རྣལ་འབྱོར་མ་སོགས
1b4 ཀྱིས། སྟོན་པ་ཉིད་ལ་འདི་སྐད་གསོལ།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་།། སྙིང་པོ་ཉི་ཟླ་གསལ་བ་དེ།། འཁྲུལ་པ་ལོག་ལྟས་འགྲོ་དྲུག་བསྒྲིབས།། ཐུགས་རྗེས་སྙིང་པོ་མི་སེལ་བ།། སྔོན་གྱི་ཐུགས་དམ་ཆེན་པོ་ཅི།།
1b5 ཞེས་ཞུས་པས། དེ་ནས་ཀུན་བཟངས་རྡོ་རྗེ་འཆུང་།། བྱིན་གྱིས་བརླབས་ཀྱི་སྲ་འཁོར་རྣམས་ལ།། ཆོས་སྐུ་སྙིང་པོར་སྐུ་བཞེངས་ནས།། རང་བྱུང་སྙིང་པོ་ཀུན་གྱི་གཞི།། འཁོར་ཚོགས་ཁྱེད་ལ་ལེགས་པར་བསྟན།།
1b6 དེ་བཞིན་གསུང་ཉིད་མིང་མེད་དེ།། འཁོར་བའི་སེམས་ཅན་དྲང་བའི་ཕྱིར།། ཚིག་ལམ་རྐྱེན་གྱིས་མཚོན་ཏེ་བསྟན།། ཅེས་གསུངསོ།། རྡོ་རྗེ་ཡང་རྟོག་གི་རྒྱུད་ལས།། ཕུན་སུམ་ཚོགས་པ་ཞུས་ལན་གྱི་ལེའུ་སྟེ།
iiif viewer powered by OpenSeadragon
1a - 2a