e-texts navigator
Collection
Volume
Page
Wylie

12a1 ལུས་ངག་ཡིད་གསུམ་གཅེས།། སྲོག་རྩོལ་སྡོམ་པ་ཐབས་ཆེན།། རང་བྱུང་འཁྲུལ་པ་གཤིན་པའི་ཆོས།། ཡུལ་མིན་གཉིས་དང་བྲལ་ལག་ཅེས།། སྐད་ཅིག་མ་ལ་བལྟ་བ་ཡིན།། མཐོང
12a2 བས་ཀུན་གྱི་རྩ་བ་ཆོད།། ཚེ་ཊ་ཆུང་མན་ངག་སྟོན་པ་གཅེས།། འཕྲང་བུ་ཆུག་ལ་གཅིག་ལ་བསྡུས།། གཞི་ཉིད་སྙིང་པོ་རྟོཊ་འགྲིས་ཀྱིས།། གདེང་དང་ལྡན་པར་མ་གྱུར་ན།། གོལ་བའི་ས་དང་ལྡང་བའི་རོ།། བཟློག།
12a3 པབཔའི་དུས་དང་སླེབ་པའི་ཚད།། སྲེག་སྙིང་མན་ངག་མེད་པར་ནི།། དམག་དཔོན་མེད་པའི་དམག་མ་འདྲ།། གྲེཊ་ཀྱི་ཡི་གེ་མེད་པ་ནི།། དམག་མི་མེ་དྨ་དམག་དཔོན་འདྲ།། རྒྱན་གྱི་ཡི་གེ་མེད་པ་ནི།། གོ་མཚོན་མེད་པའི
12a4 དམག་མི་འདྲ།། སྙིང་པོའི་གནད་དང་སྲོག་གི་གནང་།། གཅིག་ནི་སྲོག་ལ་གཉིས་ནི་མིང་།། གསུམ་ནི་གྲོཊ་ལ་བཞི་ནི་རྒྱན།། མགོ་ནི་ཆོད་ལ་བཞུག་མ་ཐོགས།། བཞུག་མཆོད་ལས་བསྟོད་སྨད་ཁྱེར།། ཁོག་ཏུ་ཚང་ལ
12a5 ཁྱོག་ཏུ་དཀྲུགས།། ཅེས་གསུངསོ།། ཛཱ་ཡང་རྟོག་སྙིང་པོའི་རྒྱུད་ལས།། ཉམས་བླང་སྲོག་སྙིང་གི་ལེའུ་སྟེ། བཅུ་བཞི་པའོ།། ། དེ་ནས་རྡོ་སེམས་དཔའ་དང་།། ཛོ་མ་ཁ་འགྲོ་དྲག་མོ་ཡིས།།
12a6 རྡོ་འཆང་ལ་འདི་སྐད་གསོལ།། ཀྲུཾ་ཀྱཾ་སྟོན་པ་རྡོ་འཆང་།། འབྲས་བུ་སངས་རྒྱས་གྲུབ་མཐའ་གང་།། རྒྱུད་ཀྱི་དཔེ་མཚན་ཇི་ལྟར་ལ་ཊ།། མཐའ་མ་སུ་ཡི་ལག་ཏུ་གཏད།། ཅེས་གསོལ་པས། རྡོ་འཆང་གྲི་བཀའ་སྩལ་པ།།




iiif viewer powered by OpenSeadragon

11b - 12b

Texts on this page

Gbr004.15 - rdo rje yang tog gi rgyud