e-texts navigator
Collection
Volume
Page
Wylie

9a1 བསྠཱ་མ་ཏི་མུག་དག་གི་ཤ་སྣ་ཆེ་ཁ། སྣང་གསལ་སྒོམ་མའི་སེམས་འཛིམ་བསྟན།། ང་རྒྱལ་དག་གི་ཤས་ཆེ་ལ།། ཞིང་ལྷའི་སེམས་འཛིན་བསྟན།། འདོད་ཆཊ་དག་གིས་ཤས་ཆེས་ལ། བདུད་རྩི་བུམ་པའི་སེམས
9a2 འཛིན་བསྟན།། ཕྲག་དོག་དག་གི་ཤས་ཆེ་ལ།། ཡི་གེ་འབྲུལ་སེམས་འཛིན་བསྟན།། རྣམ་ལྔ་འདི་ལ་བསྟེན་ནས་ཡང་།། ངོ་བོ་ཉིད་ནི་ཤིན་ཏུ་སྒོམ།། བྱང་ཆུབ་དམ་པ་ས་ངྱས་རང་གི་སེམས།། སྣ་ཚོགས་གློག་བཞིན་སྣང་ཡང་གྱི་ནར་བཞག།
9a3 བསམ་ཞིང་སྒོམ་ཏེ་སྒོམ་པའི་ཡུལ་ལས་འདས།། བདེ་གཤེར་རང་རིག་རང་བྱུང་རང་ཞིར་བཞག། ཁོང་གློད་ཡ་པར་བཞག་པ་དེ་བཞིན་ན།། ཡུལ་དྲུས་རྐྱེན་གྱིས་མི་ནོན་འཁྲུལ་མི་འགྱུར།། འདུ་ཤེས་དག་ནི་ཁ་སམ་དུ་མེད་པས་ན།
9a4 གང་ཡང་མི་སེམས་མབསམཁ་རུ་གཞོག། བསམ་ཞིང་སྒོམ་སྟེ་སྒོམ་པ་འི་ཡུལ་ལས་འདས།། དེ་ཉིད་རང་རིག་རང་བྱུང་རང་ཞིན་བཞག། བཞག་པའི་དངོས་པོ་ས་བྱས་ཉིད་ཀྱི་ཐུཊཌ།། འདི་ཞེས་བསྟན་དུ་ས་བྱས་ཉིད་ཀྱིས་མེད།།
9a5 ཞེས་རྩ་བའི་རྒྱུད་ལས། སྒོམ་པའི་ཐབས་བསྟན་པའི་ལེའུ་སྟེ། བཅུ་གཅིག་པའོ།། ། དེ་ནས་སྟོན་པས་འཁོར་རྣམས་ལ། ངེས་པའི་དོན་གྱི་ངོ་བོ་བསྟན། རྫོགས་པ་ཆེན་པོའི་ངོ་བོ་ནི།།
9a6 དྲན་པའི་རྟོག་པ་མི་འབྱུང་བས།། ཏི་ནི་ཡོངས་སུ་རྫོགས་པ་ཡིན། རྣམ་ཤེས་ཡུལ་ལ་མ་ཆགས་པས། ཤེས་རབ་ཡོངས་སུ་རྫོགས་པ་ཡིན།། ཏི་ནི་ཤེས་རབ་ཡོངས་རྫོན་པས།། རྟོག་པ་མེད་པའི་ཤེས་རབ་སྐྱེ།། ཁཾས་གསུཾ




iiif viewer powered by OpenSeadragon

8b - 9b

Texts on this page

Gbr004.13 - rgyud kyi rgyal po gser gyi rus sbal rdo rje theg pa rtsa ba'i rgyud