e-texts navigator
Collection
Volume
Page
Wylie

3a1 བསྟན་པར་བྱ།། གང་ཞིག་གསེར་དང་ཁོང་ཉིད་རྟོག་ཅན་ལ།། དྲི་མེད་དག་པའི་རྒྱུད་ཉིད་བསྟན་པར་བྱ།། གང་ཞིག་སྙིང་པོ་དོན་ལས་འགྱུར་ཁའི་བློ་ཙམ་ལ།། ལྟ་བ་རྡོ་རྗེའི་རྒྱུད་ཉིད་བསྟན་པར་བྱ།། གང་ཞིག་དགོངས
3a2 པའི་དོམགོ་ལ་སྒྱུ་མའི་ལུས་མ་བདེ་ལ་ལ།། བསམ་གཏན་བཅོག་པུའི་རྒྱུད་ཉིད་བསྟན་པར་བྱ།། གང་ཞིག་ལྟ་བའི་ལྟ་གམ་རྟོག་ལ།། ཐུཊ་ཀྱི་ཡང་གཏེར་རྒྱུད་ཉིད་བསྟན་པར་བྱ།། གང་ཞིག་མན་ངག་གིས་མན་ངག་མ་རྟོགས་པ་ལ།།
3a3 གསཔ་པ་ཡང་གཏེར་རྒྱུད་ཞིང་བསྙམ་པར་བྱ།། གང་ཞིག་འཁྲུལ་པའི་ཡིད་ཕྱོ་ཊ་དོན་བྲལ་ལ།། མུ་ཏིག་ཕྲེང་བ་ཐབས་ཀྱི་རྒྱུད་ཉིད་བསྟན་པར་བྱ།། གང་ཞིག་ལྟ་སྤྱོད་ཡ་ཁྲལ་གྱུར་པ་ལ།། རྗེས་འཇུག་སྤྱོད་པའི་རྒྱུད་ཉིད་བསྟན་པར་བྱ།།
3a4 དེ་བཞིམ་བློའི་ཁྱད་པར་སོ་སོ་ལ།། མམ་ངག་རྡོ་རྗེའི་ཐིགས་པ་ཅིག་ཏུ་བབས།། ཞེས་སྟོན་པ་ཉིད་སྐུ་ཆེ་བའི་ཡོམ་ཏན་དང་ལྡན་ནས།། ཐུཊ་རྗེས་ཕྱི་རབས་ཀྱི་དོན་དུ་བསྟན་པ།། གླིང་བཞིའི་ལེའུ་སྟེ། དང་པའོ།། །
3a5 དེ་ནས་སྟོམ་པ་ཉིད་སྐུ་རྡོ་རྗེ་ལྟ་བུའི་ངོ་བོར་བཞུར་ཏེ།། དེའི་ཚེ་དེའི་དུས་ན།། འཁོར་རྣམས་ནང་ནས།། སེམས་དཔའ་རྡོ་རྗེས་ཞུས་པ།། ཁམས་གསུམ་འཁོར་བའི་སེམས་ཅན་སྐྱེ་དང་འཆི་ལ་རྟག། ཟོ་ཆུའི་རྒྱུན
3a6 ནམ་ཤིང་རྟའི་འཕང་ལོ་འདྲ།། སྡུག་བསྔལ་བཞི་ལས་ཐར་པའི་དུས་མཐའ་མེད།། འཁོར་བ་འདི་ལས་ཐར་པ་ཐོབ་ཐབས་ཅིག། ཕུཊ་ཀྱི་དཀྱིལ་ནས་ངེས་པའི་བཅུད་བྱུང་བ།། ཕྱིར་བ་དོན་དུ་བརྟན་ལ་ག་ཞག་ཏུ་གསོལ།། ཞུ




iiif viewer powered by OpenSeadragon

2b - 3b

Texts on this page

Gbr004.13 - rgyud kyi rgyal po gser gyi rus sbal rdo rje theg pa rtsa ba'i rgyud