e-texts navigator
Collection
Volume
Page
Wylie

5a1 བསྟན་པའི་ལེའུ་སྟེ། ལྔ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔས།། ཀྱེ་བཅོམ་ལྡན་འདས། འདི་ཉམས་སུ་བླང་པའི་ཐབས་པ་ཤད་དུ་གསོལ།། སྟོན་པས་བཀའ་སྩ་ལ་པ།
5a2 ཀྱི་སེམས་དཔའ་ཆེམ་པོ། ཉམས་སུ་བླུང་དུ་མེད་པས་ན།། བླང་དུ་མེད་པའི་ཚུལ་གྱིས་བྱུང་།། སྣ་བ་མེད་སྤྱོད་རྟོག་པ་མེད།། རྟོག་པ་མེད་ལ་གནས་མི་བྱ།། རྣམ་པར་མི་རྟོགས་ལེབ།། ས་ལེ་བར་ཡང་རྟོག་པ་མེད
5a3 མ་རྟོག་ངོ་བོ་ཉིད་ཀྱི་བཞི།། རིག་པ་ཇི་བཞིམ་ཀློང་སུ་གཞུགས།། འོད་གསལ་རྟོག་བྲལ་རིག་པའི་ཀློང་།། ཇི་བཞིན་ཉིད་ཡེ་གསལ་ཁྱབ།། བསམ་མེད་དྲན་མེད་མི་གཡོ་བ།། ཡོམ་ཏན་ཆེན་པོ་བསམ་གཏན་ནི།། བསམ་གཏན་ཉིད་ལས
5a4 སམ་དུ་མེད། ཀ། མེད་པ་ཉིད་ལ་མི་གནས་ཤིང་།། རྟོག་པ་ཉིད་ལས་མི་འགོག་པ།། འདི་ནི་རྟོག་པའི་རྒྱལ་ལོ་ཞེས།། རྒྱལ་བ་རྣམས་ཀྱི་ཡང་དག་བཤད།། མི་བས་མི་དཔྱད་དེ་བཞིམ་ཉིད།། རྒྱུ་ལ་ཆུ་ལྟར་ཤེས་པར་བྱ།། མི་གནས་པ་ལ་གནས་པ་ནི།། འདི
5a5 གནས་པ་ཆེན་པོ་ཞེས།། ཀུན་བཟང་སེམས་དཔས་ཡང་དག་པ་ཤད།། བ་ཤདུ་མེད་པའི་དོན་འདི་ནི།། རྒྱལ་བ་རྣམས་ཀྱིས་མ་བཤད་དེ།། རྒྱལ་བ་ཕྱིས་ཀྱིས་གསུང་མི་འགྱུར།། ད་ལྟར་ཉིད་ཀྱང་མ་བཤད་དོ།། བྱང་ཆུབ་ཀྱི་སེམས་རྗེ་བཙམ་དམལ
5a6 འོད་འགྲོ་བའི་རྒྱུད་ལས།། བས་མ་མེད་ཉམ་སུ་བླང་དུ་མེད་པའི་ལེའུ་སྟེ།། དྲུག་པའོ།། །། དེ་ནས་ཡང་རྡོ་རྗེ་སེམས་པས་གསོལ་པས།། བྷྲཱུཾ་བཅོམ་ལྡན་འདས།། བྱང་ཆུབ་སེམ་གང་ཡཊ།། བཀའ་སྩལ་པ།། སེམས་དཔའ་ཆེམ་མོ་ཉོན




iiif viewer powered by OpenSeadragon

4b - 5b

Texts on this page

Gbr004.12 - byang chub kyi sems rdo rje 'od 'phro ba'i rgyud kyi rim pa