e-texts navigator
Collection
Volume
Page
Wylie

4a1 །། སྡུག་བསྔལ་རྒྱུ་འབྲས་མེད།། མེད་པ་མ་ཡིམ་སུམ་འདག་ཉིད།། ཡོད་པ་མ་ཡིན་བརྗོད་དུ་མེད།། བདག་མེད་གཞམ་མེད་འཆི་འཕོ་མེད།། མེད་པ་མ་ཡིམ་ཐམས་ཅད་འབྱུང་།། འབྱུང་བ་མ་ཡིམ་དེ་ཉིད་ཡིན།། ཀུན་ཅིག་ཡེ་ཤེས
4a2 ཁྱབ་པའི་ངང་།། ན་མཁའི་རོ་ཡི་ཆུ་འཐུང་བཞིན།། དབྱེ་བས་ལ་མེད་ལའི་དོན་དུ་ཅིག། འདི་ནི་རང་རིག་བྱང་ཆུབ་སེམས།། འདི་ཞེས་བསྟམ་དུ་མེད་པའོ།། ཅི་ཡང་མོད་ལས་ཅིར་ཡང་སྣང་།། རང་བྱུང་སྙིང་པོ
4a3 མཆོག་གི་དོན།། སྣང་བ་ཉིད་ན་སྣང་མེད་པས།། སྣང་བ་མེད་པའི་ཚུལ་གྱིས་སྣང་།། མེད་ཅེས་བྱ་བ་འཛིམ་པ་ཙམ།། དེ་ཉིད་ལ་ཡང་གནས་མི་བྱ།། གལ་ཏེ་གནས་མགོས་ས་ཡིན།། གང་ཞིག་གོལ
4a4 ཏེ་ཅི་ཞིག་གོལ།། གང་དུ་གོལ་ཏེ་ཇི་ལྟར་གོལ།། གོལ་བར་སྣང་བ་དེ་ཉིད་ཡིན།། དེ་ཉིད་དངོས་པོ་མེད་ཁས་ན།། དེ་ཕྱིར་དེ་ལ་གནས་མི་བྱ།། གལ་ཏེ་གནས་ན་འཛིན་པ་ཡིན།། ཞེས་གསུངས་པས།། རྡོ་རྗེ་སེམས།
4a5 དཔའ་ཉིད་ལ་གནས་པར་གྱུར་ཏོ།། བྱང་ཆུབ་སེམས་རྗེ་བ་ཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས།། སེམས་ཀྱི་ངོ་བོ་བསྟན་པའི་ལེའུ་སྟེ། གཞི་པའོ།། །། ཀྱཻ་སེམས་དཔའ་ཆེན་པོ། སེམས་ཀྱི་ཡོམ
4a6 ཏན་ངས་བཤད་ཀྱིས།། སེམས་དཔའ་ཁྱོད་ཀྱིས་ཉམ་པར་བྱོས།། སེམས་ཀྱི་ཡོམ་ཏན་ཆེན་པོ་ནི།། སྟོང་གསུམ་རྡུལ་སྙེད་སངས་རྒྱས་ཀྱིས།། བསྐལ་ལ་བྱེ་བར་བརྗོད་བྱས་ཀྱང་།། དེ་ལ་བརྗོད་པར་མི་ནུས་ཏེ།




iiif viewer powered by OpenSeadragon

3b - 4b

Texts on this page

Gbr004.12 - byang chub kyi sems rdo rje 'od 'phro ba'i rgyud kyi rim pa