| | e-texts navigator
|
3b1 བབསམ་པས་དབྱངས་མི་བསྐྱོད།། འདི་བསྟན་དེ་ལ་རྟེན་ནས་ནི།། སྣུམ་པ་ལ་ཐབས་ཀྱིས་བསྐང་བའི་ཕྱིར།། འཚམས་ཁར་མཛད་ཁའི་སྐྱེས་ཁུ་ལ།། རེག་པལ་དོན་ན་བསྟན་པར་བྱ།། གལ་ཏེ་དོན་འདི་མ་ཤེས་ཤིད།། བྱང་ཆུབ་སེམས
3b2 ཀྱི་ཆུ་མེད་ན་རྒྱལ་བ་རྣམས་ཀྱང་སྐྱེམས་ལར་འགྱུར།། གལ་ཏེ་གཞན་ལ་རྩོལ་ཁཱ་ནི།། འོ་མ་འདོད་པའི་བཙུན་མོ་ཞིག། རཱ་ལ་འཇོ་བའི་བཙུན་མོ་དེས།། རཱ་ལ་འོ་མ་རྙེད་མི་འགྱུར།། འདི་ལས་ཀུན་བྱུང་འདི་ལ་སོན།། འདི་ལས་མ་བྱུང་ཅིག་ཀྱང
3b3 མེད་བྱང་ཆུབ་སེམས་རྗེ་བཙན་དོམ་པ་རྗེ་འོད་འཕྲོ་བའི་རྒྱུད་ལས།། ཐད་སེམས་ལས་བྱུང་བར་བསྟན་པའི་ལེའུ་སྟེ།། གསུམ་ཁའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་གསོལ་པ།། ཀྵེ་བཅོམ་ལྡན་འདས།། སེམས་ཀྱི་ངོ་བོ་གང
3b4 ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སེམས་དཔའ་ཆེན་པོ།། སེམས་ཀྱི་རང་གི་ངོ་བོ་ནི།། ཅི་ཡང་མིན་ལས་ཅི་ཡང་སྣང་།། དཔག་མེད་བརྗོད་བྲལ་བསམ་མི་ཁྱབ།། འདི་ཞེས་མཚོན་དུ་མེད་པ་ནི།། སེམས་ཀྱིས་ངོ་བོར་དེ་གསུང
3b5 སོ།། འགྲོ་བའི་སྡུག་བསྔལ་སྣང་པ་ཡང་།། རང་ཡིན་གཞན་ལས་དེ་མི་འབྱུང་།། བདེ་དང་བར་དང་ལོང་སྤྱོད་ཀྱང་།། ཆོས་ཉིད་དབྱིངས་ལས་མ་རྟོག་པ།། རྡུལ་ཆ་ཙམ་ཡང་མེད་པར་གསུངས།། སྐུ་དང་རྒྱན་གྱི་འཁོར་ལོ་ཡང
3b6 རང་གི་སེམས་ཡིན་གཞན་མ་མེད།། སངས་རྒྱས་ཆོས་དང་དགེ་འདུན་ཡང་།། རང་ཡིན་དེ་ལས་བཞན་ན་མེད།། དེ་ཕྱིར་བསྐུར་བའི་ཡུལ་ཡང་མེད།། བསྲུང་མེད་སྒྲུབ་མེད་རྩོལ་བ་མེད།། ཁ་དོག་དབྱིབས་དང་གནས་རིག་མེད།། བདེ་དང
iiif viewer powered by OpenSeadragon
3a - 4a