| | e-texts navigator
|
3a1 གནས་པ་ཡིན།། གནས་པ་ཉིད་ན་གནས་མེད་ལས།། གནས་ཞེས་ཐ་སྙད་མི་གདག་སོ།། དུས་གསུམ་སངས་རྒྱས་སེམས་ལས་ཁྱུང་།། སེམས་ལ་ཐ་སྙད་ཡོད་ཞེས་འམ།། སེམས་ལས་ཀུན་འབྱུང་ཐད་སེམས།།
3a2 སེམས་ནི་སྐྱེ་མེད་དེ་བཞིན་ཉིད།། རང་གསལ་ཐད་ས་ལེ་མཁྱེན།། མཁྱེན་པ་ཉིད་ཀྱང་སེ་སཾ་ཡིན་པར།། སེམས་དཔའ་ཆེན་པོས་རིག་པར་གྱིས།། བྱང་ཆུབ་སེམས་རྗེ་བཙན་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས།། ཐད་སེམས་སུ
3a3 སྙམ་པའི་ལེའུ་སྟེ།། གཉིས་པའོ།། །། ཀྱཻ་སེམས་དཔའ་ཆེན་པོ།། སེམས་ལས་འཁོར་བ་ཐདི་བྱུང་།། མྱ་ངན་འདས་པ་དེ་བཞིན་ཏེ།། བྱུང་བ་ཡིན་ཏེ་དེ་ཉིད་ཡིན།། ཡིན་ཞེས་བྱ་བ་མཚོམ་པ་ཙམ།། ཡང་དག་ཉིད་ལ
3a4 ཡིམ་པ་མེད།། ཀུན་ཡིན་གང་ཡང་མིམ་པའི་ཕྱིར།། ངས་ཀྱང་ཡང་དག་རིག་པ་བཞིན།། སྐལ་ལྡམ་རྣམ་ཀྱིས་ཤེས་པར་བྱའོ།། རྡོ་རྗེ་སེམས་པ་གཞན་ཡང་ནི། ཉོན་མོངས་པ་ཉིད་བྱང་ཆུབ་ལམ།། ཕྱིན་ཅི་ལོག་ཉིད་བྱང་ཆུབ་སྟེ།། ཡང་དག་པ
3a5 ཉིད་ཕྱིན་ཅི་ལོག། ཐཾད་སེམས་ཀྱི་བྱས་པ་ཡིན།། སེམས་ཉིད་རང་ལ་ཡོད་པས་ན།། རང་བྱུང་ཡང་ཤེས་རང་ལ་ཡོད།། གལ་ཏེ་རང་ལ་མེད་ན་ནི།། དེ་ནི་རང་བྱུང་ཡེ་ཤེས་མིན།། གཞན་ལ་བཙལ་ཞིང་སྒྲུབ་དགོས་པས།། སྒྱུ་རྐྱེན
3a6 གཉིས་ལ་རག་ལུས་པས།། དེ་ལ་རང་བྱུང་ཡིས་མེད།། རྒྱུ་དང་རྐྱེན་ལ་རག་མ་ལུས།། རང་གསལ་ཉག་ཅིག་དྲི་མ་མེད།། རྒྱུ་རྐྱེམ་མ་སྐྱེད་རང་བྱུང་སྟེ།། མ་བསྒྲིབ་གསལ་བས་ཡིས་སོ།། གདོད་ནས་སྙིང་ལོ་བྱང་ཆུབ་ལ།། བཙལ་བའི
iiif viewer powered by OpenSeadragon
2b - 3b