| | e-texts navigator
|
2b1 ཆོས་ཉིད་མཐོང་བར་གྱུར་པ་ཡང་།། ཇི་ལྟར་རང་གི་མཛུབ་རྩེ་ལ།། རང་གིས་རེག་པའི་དུས་བྱུང་ན།། དེ་ཚེ་ཆོས་ཉིད་མཐོང་བར་འགྱུར།། ཞེས་གསུངས་སོ།། བྱང་ཆུབ་སེམས་རྗེ་བཙམ་དམ་པ་རྡོ་རྗེ་འོད་འཕྲོ་བའི་རྒྱུད་ལས།།
2b2 ཉམས་པ་ཆད་ལ་མི་འབྱུང་བའི་ལེའུ་སྟེ།། དང་པོའོ།། །། ཀྱཻ་སེམས་དཔའ་ཆེན་པོ།། ཉམས་པ་ཞེས་ནི་གང་ལ་བྱ།། ཆང་བ་ཞེས་ནི་ཙི་ལཱ་བྱ།། ཉམས་དང་ཆད་པར
2b3 འཛིན་པ་ཡང་།། དེ་ཉིད་ཡིན་ཏེ་དེ་མི་འབྱུང་།། འབྲས་བུ་སྒྲུབ་དང་གྲུབ་པ་རུ།། འདོད་པ་དེས་ཀྱང་མི་རྙེད་དེ།། ལོངས་པས་ན་མཁའ་ཉེས་པ་བཞིན།། བྱང་ཆུབ་སེམས་ཀྱི་རང་བཞིན་འདི།། རྟག་དཀའ་བརྗོད་དུ་རྡུལ
2b4 ཙམ་མེད།། དྲུག་གི་ཡུལ་བཞིན་མེད་པས་ན།། སོ་སོ་སྐྱེ་བོའི་བློས་མི་རེག། བྱང་ཆུབ་གྲང་ཡིན་སེམས་ནི་གང་།། ཀུན་བཞི་རང་བྱུང་ཡེ་ཤེས་ལ།། ངང་གིས་སྤྲོས་མེད་ཆེན་པོ་ལ།། ཆེ་བའི་ཡོན་ཏན་བཙལ་དུ་མེད།།
2b5 དེ་ཉིད་སེམས་ཡིན་བྱང་ཆུབ་སེམས།། ཇི་ལྟར་མེའི་རྩེ་མོ་ཡོས།། རྫས་ཀྱི་དངོས་པོ་ཀུན་སྲེག་ཀྱང་།། རང་གི་དངོས་པོ་སྲེག་མི་ནུས།། དེ་བཞིན་བྱང་ཆུབ་སེམས་ཀྱིས་ཀྱང་།། ཀུན་ཤེས་རང་རིག་མ་ཤེས་ཏེ།། ཤེས
2b6 པ་ཉིད་ནི་མ་ཤེས་པའོ།། འདི་ལ་བརྩོལ་སྒྲུབ་བྱར་ཡང་མེད།། ངག་དང་མ་དག་གཉིས་མེད་དེ།། རང་བྱུང་དག་པོ་ཆེན་པོ་ལ།། མེད་ཅེས་བྱ་བ་བཏགས་པ་ཉིད།། བཏགས་པ་ཉིད་ལ་མ་གནས་མ།། བྱང་ཆུབ་སེམས་ལ
iiif viewer powered by OpenSeadragon
2a - 3a