| | e-texts navigator
|
2a1 རྣལ་འབྱོར་མཆོག། འབུགས་པ་ལས་ཀྱང་འཕགས་པས་ཅ།། རྡོ་རྗེ་རྒྱལ་བ་ཀུན་གྱི་མེས།། ཇེ་བརྫུམ་ངམ་པ་ཀུན་ཏུ་བབང་།། རྡོ་རྗེ་འཆང་རྒྱལ་འཇིགས་པའི་སྦྱབས།། ཉམས་པའི།
2a2 ཆད་པ་ཁྱུང་བ་ལ།། མགོས་བཙུམ་དེ་ལས་གཞན་མེད་དོ།། དམ་ཚིག་སེམས་ཉིད་ཡིམ་པ་རུ།། འགྲོ་བའི་མགོན་པོ་ས་ཡང་དག་གསུངས།། སེམས་ཉིད་དངོས་པོ་མེད་ཁ་ལ།། མཉམ་པའི་ཆད་པས་ཅི་ཞིག་གཅད།། གང་ལས་ཉམས
2a3 ཏེ་མྱི་ཞིག་ཉམས།། གང་དུ་ཉམས་ཏེ་ཇི་ལྟར་ཉམས།། ཉམས་པར་སེམས་དཔལ་དེ་ཉིད་ཡིན།། ལྟུང་བར་འཛིམ་པ་དེ་ཉིད་ཡིན།། སེམས་ཉིད་དག་པའི་ཆུས་བཀྲུས་ན།། དག་པར་མ་བྱུར་གང་ཡང་མེད།། སྟོང་ཉིད་དབེན
2a4 བའི་དོམ་རྟོགས་ན།། བདེ་དང་སྡུག་བསྔལ་མིང་ཡང་མེད།། བདེ་དང་སྡུག་བསྔལ་སྡུག་མི་སྡུག། བདག་དང་བདག་མྱེད་སྟོང་མི་སྟོང་།། དེ་བཞིན་ཉིད་དུ་འཛིན་པ་ཡང་།། དེ་ཉིད་ཡིན་པས་དངོས་པོ་མེད།།
2a5 དེ་ལ་ཐ་སྙད་ཅི་བཏགས་ཀྱང་།། ཐོག་དུ་ཁེངས་པར་ག་ལ་འགྱུར།། མ་བཙོས་རང་བཞས་རིག་པར་མཚོན།། ཇི་ལྟར་ན་མཁའ་ཞིག་གྱུར་ན།། དེ་ཚེ་ཆད་པ་འབྱུང་བར་འགྱུར།
iiif viewer powered by OpenSeadragon
1b - 2b