e-texts navigator
Collection
Volume
Page
Wylie

8b1 བགྲོད་པ་མེད།། དྲང་བ་ཞིང་བྱིང་རྨུགས་མེད་པར་དང་གིས་གསལ།། བྱིང་རྒོད་བློ་ལ་སྣང་བ་ཆོས་ཀྱི་དབྱིངས།། སེམས་ལས་འདས་པའི་སདུས་ཀྱང་།། གསལ་འགྲིབ་སྐྱེ་འགག་མེད་པའི་དོན།། གཡོ་བ་འཕྲོ་འདུ་མི་གནས་པར།།
8b2 རྒོད་པ་རགས་དང་འཕྲ་བའི་བྱིང་བ་གཉིས།། གདོད་ནས་རྣམ་དས་སངས་རྒྱས་དགོངས་པ་ཡིན།། དེ་ཡིན་པས་ནི་མ་བཅོས་སྒྲེགས་པ་དང་།། རིག་པའི་རྩ་ལ་སྦྱངས་ཆེད་དུ་སྤྲོ་བ་མེད།། འདི་ལྟར་སྣང་བ་ཁོ་བོའི་རྩལ་ཡིན་མོད།། ལུས་ལ་འཆར་བའི
8b3 སྒོ་ནི་རྣམ་པ་གཉིས།། འདོད་པའི་སྒོ་ནས་ཤེས་རབ་རྩལ་དུ་འཆར།། ཡེ་ཤེས་སྒོ་ནས་སྐུ་དང་ཡེ་ཤེས་ཤ་ར།། འདོད་པས་མི་འབྱུ་བར་ང་བཞིན་ཤུག་ཀྱི་སྣང་། བསས་པ་ཏ་ན་ཆེན་པོའི་ཏིང་འཛིན་གནས།། དེ་ལྟར་མ་རྟོགས་བློ་གཞན་བསྒོམས་པའི
8b4 མཆོག། ཐུན་མོངས་ཁྱད་པར་ལུས་ངག་བྱ་བ་བཏང་།། རྐྱེན་གྱི་བྱིང་བ་དེ་ཡི་སོལ་བར་འགྱུར།། ཡིད་ཀྱི་བྱ་བ་བཏང་བ་དེ་བཞིན་ཏེ།། རྐྱེན་གྱིས་རྒོད་པ་ཞི་བའི་ཐབས།། ནད་ཁམས་ཤེས་པའི་ཁྱད་པར་རང་བཞིན་གྱིས།། བྱིང་དང་རྒོད་པ་བྱུང་ན་གང་ལ
8b5 གྱི་མ་བྱ།། དེ་ཡིས་མི་སོལ་བྱིང་རྒོད་སྐྱོན་མི་ལྡང་།། ཡོན་ཏན་བལྟས་པ་དེ་ཉིད་རང་ལ་རླག། རླུང་གི་རྟ་ལ་ཡིད་ཀྱི་སྒྲ་གསུམ་སྐྱོན།། སྐར་མདའ་བཞིམ་དུ་ཆོས་ཉིད་མཁའ་ལ་འཕྲོ།། ཐོག་དང་འདྲ་སྟེ་སེང་གེའི་འབྲི་ཚུ་ལ་ལྟར།། འགུལ་དགུས་སྤྱོད་དང
8b6 དྲལ་ནས་དུས་མཚུངས་གནད།། ན་མཁའ་དག་དང་ཁྱུང་ཆེན་ལྡིང་ལ་འདྲ་སྟེ།། རྩོལ་བྲལ་མཁའ་ལ་ཀློང་ལ་གཞག། གཟེར་བཏང་འདྲ་སྟེ་ཡང་ཡང་གོམས་པར་བྱ།། ཚད་ཕྱིན་དགོངས་ལ་གངས་ལ་ཉི་མ་ཤ་རབ་འདྲ།། བློམ་པོ་ཁ་ཙམ་དུ་རྔོན




iiif viewer powered by OpenSeadragon

8a - 9a

Texts on this page

Gbr004.9 - 'jam dpal dgongs pa 'dus pa gsang sngags chen po'i rgyud