e-texts navigator
Collection
Volume
Page
Wylie

8a1 རང་རིག་དྲི་མེད་ཆོས་སྐུ་ལ།། རིས་པའི་སྐུ་དང་འོད་ཀྱི་སྐུ།། མ་བརྩལ་ཡེ་ནས་ལྷུན་གྲུལ་པས།། བྱ་ཁྱེད་འབད་རྩོལ་མི་གནས་པར།། འབྲས་བུ་སྐུ་དང་ཡེ་ཤེས་སྨིན།། རྒྱུ་གཉིས་མ་བཅོས་འབྲས། རྫོགས།། བརྩོམ
8a2 འགྲུས་ཆེན་པོ་བརྟུལ་བ་ཡིན།། བྱར་མེད་རང་བྱུང་ཡེ་སངས་རྒྱས།། བརྩོན་འགྲུས་ཀྱི་ལེའུའོ།། ། འགྱུར་མེད་རྡོ་རྗེའི་གདན་ལ་འབྱུང་ཞིང་ཟད།། འཕྲ་རགས་དྲི་མ་དག་པས་སངས་རྒྱས་ཡུལ་མེད་དེ།། རིག་པ་དྲི་མ་ཟང་ཐལ་ཤེས
8a3 རབ་གསལ།། རང་སྣང་ཡེ་ཤེས་གཞན་རྟོག་མེད།། གཟུང་འཛིན་རྟོག་པ་མེད་པས་བདེ་ཆེན་ཆོས་ཀྱི་སྐུ།། བབོད་ཆེན་མ་ལུས་འཆང་བ་པོ།། བཟོད་པའི་ལེའུའོ།། ། དགོངས་ལ་སྒོམ་དུ་མེད་པ་རང་ལུགས་ཆེན་པོར་གནས།།
8a4 བསྒོམ་བྱ་སྐུ་དང་ཡེ་ཤེས་རིག་པའི་ཡེ་ཤེས་ཉིད།། དུས་གསུམ་དུས་མེད་རང་བཞིན་མཉམ་པ་ཉིད།། སྒོ་ལྔའི་རྟོག་པ་སྐྱེ་འགག་འཆར་ཞིང་ནུབ།། སྙིང་པོ་ཟད་ཡལ་ཉིད་དེ་སྐྱེ་འགག་མེད།། དུས་གསུམ་འདས་དང་མ་བྱོན་ད་ལྟར་གྱིས།། ཐ་སྙད་མི
8a5 ང་མི་གནས་འགྱུར་མེད་དེ།། ནམཁའ་གུར་བཅས་མ་ཕུ་བ་ཟང་ཐལ་ལྟར།། སྤོས་མེད་ཐིག་ལེ་གེས་རབ་སྒོ་ནས་དཤར།། འོ་ཨའི་སྙིང་པོ་རྩི་མ་ར་ཁྱབ་ལ་ལྟ་ར།། ནམཁའི་དེ་ང་ལ་ཆོས་སྐས་ཁྱབ་པ་ལྟར།། གདུ་ལ་བྱ་ལ་སྭཱ་ད་ཡེ་ཤེས་སྐྲ་དང་ཆས།།
8a6 དྲི་མེད་ཆུ་ཟླ་སྣང་ལ་རང་བཞིན་མེད།། སྣང་སྟོང་དབྱེར་མེད་བདག་ཉིད་ཆེན་པོ་ཡིན།། སྒོམ་ཞིང་སྤྲུལ་པའི་ཆོས་མེད་ཡེ་གནས་པ།། ལྷུན་གྲུལ་ཉམ་པ་མེད་ལ་སྒོམ་པའི་གདེང་།། ཐབས་ཀྱིས་བྱིང་རྒོད་གསལ་དུ་མེད་པ་ཏེ།། རང་གི་མཚན་ཉིད་ཞི




iiif viewer powered by OpenSeadragon

7b - 8b

Texts on this page

Gbr004.9 - 'jam dpal dgongs pa 'dus pa gsang sngags chen po'i rgyud