e-texts navigator
Collection
Volume
Page
Wylie

7a1 རང་ལས་དགར་ཅིང་རང་ཁས་གྲོལ།། སྣང་བ་གསུམ་སྦྱོར་དབྱེར་མེད་པས།། མཐོང་ལམ་ཡེ་ཤེས་རྟོགས་པ་ཤར།། རང་བཞིན་དག་པའི་ནམ་མཁའ་ལ།། འཕྲ་རགས་གཉིས་པོས་མ་ཁསྒྲིབས་པས།།
7a2 ཆོས་ཉིད་དག་གསལ་སྣང་བ་མཐོང་།། སེམས་ཉིད་རང་སྣང་ན་མཁའ་ལ།། འཕྲ་རོགས་གསུམ་པོས་མི་ཁ་སྒྲིབ་པས།། དྲི་མེད་རིག་པའི་སྙིང་པོ་མཐོང་།། དེ་ཉིད་གཉིས་མེད་ཟད་ཐལ་ལ།། མཐའ་བ་ཞི་འཕྲ་རགས་དྲི་མ་གསུམ།། མ་བསྒྲིབས
7a3 ཆོས་སྐུ་ཇི་བཞིམ་མཐོང་།། དེ་ནི་ཆོས་སྐུ་མཐོང་བ་ལི་ལམ།། དེ་ཡི་མཚན་ཉིད་ལྔ་འདྲ་བ།། དངོས་ཚན་ཡིད་ཀྱིས་མ་ལ་སྒྲིབས་ལས།། རིག་པ་དག་ལ་མ་འགགས་པར།། ཤེས་རབ་ངོ་བོར་སྐར་གསལ་མཐོང་།། དེ་ནི་ལོངས་སྐུ་ངེས
7a4 མཐོང་ལམ།། སྟོང་པ་རེག་བྱ་མི་སྒྲིབས་པར།། གདུལ་བྱ་ལ་སྣང་སྐུ་ལྔ་མཐོང་།། སྦྲུལ་སྐུ་ངེས་པར་མཐོང་བའི་ལམ།། བློ་བུར་མ་རིག་མ་ཁ་སྒྲིབས་ལར།། དེ་ལྟར་གསུམ་ཉིད་ཡེ་ཤེས་ལྔ།། ལྔ་ཉིད་དྲི་མེད་སྐུ་གསུམ་འདུས།།
7a5 ཡེནས་དེ་བཞིན་གནས་ལུགས་མཐོང་།། དེས་མེ་ཡེ་ཤེས་ངེས་མཐོབ་ལམ།། དེ་ལྟ་པོ་དོན་མཐོང་འབྲལ་མེད།། དབང་པོ་རབ་ལ་དགོངས་པ་གསལ།། འབྲིང་ལ་སྒོམ་པའི་ཞབས་མཆོག་གསལ། ལྷ་སྒྲོམ་སྟོབས་ཀྱི
7a6 ཁྱད་པར་གྱིས།། ལྟ་བའི་སྟེང་དུ་སྒོམ་ལམ་གནས།། བསྒོམས་ལས་དབང་པོ་དེ་བཞིན་ཉིད།། དེ་ནི་སྒོམ་པ་ཅེས་བཤད་ན།། དྲི་མེད་སྐུ་དང་ཡེ་ཤེས་མངོན་གྱུར་ལ།། དེ་ནི་འབྲས་བུ་རང་རྫོགས་ཏེ།། མཐར་ཕྱིན་ལམ




iiif viewer powered by OpenSeadragon

6b - 7b

Texts on this page

Gbr004.9 - 'jam dpal dgongs pa 'dus pa gsang sngags chen po'i rgyud