e-texts navigator
Collection
Volume
Page
Wylie

6b1 ཅིག་དོན་ལ་ཕྱོགས་རིགས་དག། ཟད་པལ་དོན་ལ་སྐྱེ་འགག་དག། རང་བྱུང་དོན་ལ་འདུས་བྱས་དག། ལྷན་གྲུབ་དོན་ལ་རེ་དོགས་དག། དག་པ་དེ་དག་ཀྱང་ལོགས་མ་མེད།། དེ་ནས་ཡང་སྟོན་པས་བཀའ་སྩལ་ལ།། རྡོ་རྗེ་འཛིན་པ་ངེས
6b2 ཟུང་ཅིག། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།། མཆོག་ཏུ་གྱུར་པའི་སེམས་དཔལ་ཉིད།། དེའི་འདོད་ལ་ཤེས་རག་ཕ་རོལ་ཕྱིན་པའི་ཆོས།། དུས་གསུམ་བ་དེ་གཤེགས་ཀུན་གྱི་ཡུམ།། སེམས་དཔའ་སེམས་མ་ཚོགས་ཀྱིས་མེས།། རང་རྫོམ་ལྡུམ་གྲུས་དུས
6b3 གསུམ་འགྱུར་བ་མེད།། འདུ་འབྲལ་མེད་པའི་ལམ་ཆེན་མ་རྟོགས་པར།། མཐོ་རིགས་བགྲོད་པའི་ལམ་དེས་ཉོན་མོངས་སྡུག་བསྔལ་འགྱུར།། འགྱུར་མེད་ས་བཅུ་རང་གིས་མ་རྟོགས་པར།། རྩོལ་སྦྱངས་ས་བཅུས་རྩོལ་སྒྲུབ་མཐ་ཕྱུང་སྟེ།། ཨ་ཏི།
6b4 བྱ་ཁྲལ་དོན་དཔའ་གལ་བས་གོལ།། ཕ་རོལ་ཕྱིན་བཅུས་རང་ཤར་མ་རྟོགས་ལས།། བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་ག་ལ་ཡོད།། བདེ་ལ་འདོད་པས་བདེ་ལ་རྒྱབ་ཀྱིས་ཕྱོགས།། གནས་སྐབས་བདེན་པས་མི་སླ་མཐེར་ཐུག་འབྲས་བུ་མེད།།
6b5 དེ་ཕྱིར་མཐར་ཞུག་གསང་སྔགས། ཕྱིན་པའི་དོན།། ཡེ་ནས་ལྷན་གྲུབ་རང་རྫོགས་ཆེན་པོ་ནི།། ཚོགས་གཉིས་ཚོགས་ནི་མ་རྩལ་བས་གསལ་པོ།། འཕྲལ་ལ་མཁསགས་ཆེན་པོ་ལ།། སྐུ་གཉིས་ཕྱི་དང་ཁར་སྣང་བསོད་ནམས་ཚོགས་ཞེས་དེ་ལ་བྱ།
6b6 ཆོས་སྐུ་ཟད་ཐལ་འགྱུར་མེད་ལོ།། ཡེ་ཤེས་ཚོགས་ཞེས་དེ་ལ་བྱ།། དེ་ནི་ཚོགས་ལམ་ངེས་པའི་དོན།། སྦྱོར་བའི་ལམ་ནི་འདི་ལྟ་སྟེ།། སྐུ་དང་རླུང་རིག་ཉིད།། གཉིསུ་མེད་པའི་དེ་ཉིད་ཡོད།། ཇི་བཞིན་རྟོགས་ལ་འཕྲ་བ་ཡིས།།




iiif viewer powered by OpenSeadragon

6a - 7a

Texts on this page

Gbr004.9 - 'jam dpal dgongs pa 'dus pa gsang sngags chen po'i rgyud