| | e-texts navigator
|
5b1 མར་མེ་ལྟ་བ།། ཇི་བཞིན་གསལ་བས་སྔོན་གྱུར་པས།། ཟག་བཅས་འབྲས་བུ་ལས་འཕགས་ནས།། ལྷུན་གྲུབ་སྔོན་དུ་གྱུར་པའི་ཚེ།། བདུན་པ་རིང་དུ་སོང་པའིས།། དོན་ཆེན་དེ་ལས་འགྱུར་མེད་པས།།
5b2 ཛ་ལོག་རྣམ་གསུམ་དོན་གནས་པས།། འགྱུར་མེད་ཟང་བ་ལ་བརྒྱད་པའི་ས།། ཆོས་ཉིད་དི་མ་གསུམ་དག་པའོ།། ལྔ་དང་དྲུག་གི་མཚན་ཉིད་ལ།། རིག་པ་དྲི་མེད་སྙིང་པོར་ཤར།། འབྲས་བུ་དྲི་མེད་སྐུ་གསུམ།།
5b3 གསལ། ཤེས་རབ་སྐུ་ཡི་མཚམས་སྦྱར་ནས།། སྐྱེ་མེད་སྐུ་གསུམ་འདུ་འབྲལ་མེད།། གདུལ་བྱའི་སྣང་པོ་སྐུ་མི་འགག། སྐུ་གཉིས་ལ་དག་དང་གཞམ་དོན་མཛད།། འདི་ནི་དགུ་དུས་བློ་གྲོསས།། འཁོར་རྣམས། ཆོས་ལ
5b4 ལ་རིག་དབང་བསྐུར། འདི་ནི་མ་བཅུ་ཅོན་ལ་ཏེ།། དེ་དག་མངོན་གྱུར་ཟང་ཐལ་ལོ།། ཆོས་ཀྱི་སྐུ་འབྲུ་གཅིག་ལའོ།། མགོན་པོ་བཅུའི་དབང་ཕྱུག་སྟེ།། ས་བཅུ་ལ་ནི་གནས་པའོ།། ཤེས་བཅུ་རྣམ་དག་བདག
5b5 ཉིད་ཅན།། ཞེས་གསུངས་སོ།། འཇམ་དཔལ་དགོངས་པ་འདུས་པ་ལས།། སྦྱང་དུ་མེད་པའི་ས་བཅུ་བསྟན་པའི་ལེའུ་སྟེ། གསུམ་པའོ།། །
5b6 དེ་ནས་སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་ཟུང་ཅིག། གསང་སྔགས་མཔར་བྱིན་ཕ་རོལ་ཕྱིན་པ་བཅུ། མི་གནས་ཕྱོགས་ལྷུང་མེད་པའི་ཤེས་རབ་ལས
iiif viewer powered by OpenSeadragon
5a - 6a