| | e-texts navigator
|
5a1 སྟེ་ཞི་བའི་སྐུ་ལས་ཨ་གཡོས་པར།། གདུག་པ་ལས་ལ་དེ་ལྟར་སྣང་།། ལྷུན་གྲུབ་སྐུ་ནི་དུང་ཁང་ནང་།། མ་སྐྱེད་རྫོགས་པའི་ཀློང་མ་གས་ལ།། གཅིག་ནི་རིན་ཆེན་ཀློང་ན་གསལ།། གཉིས་ཀ་ཡེ་ཤེས་སྒོ
5a2 ངནི་རྒྱུ།། སེམས་ཅན་དོན་སྡེ་སྒྲོ་གདུམ་བྷྱ།། ཡེ་བྷེ་དབང་བཅུར་ཅོད་ལམ་ཅན།། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། རྡོ་རྗེ་རེས་ཆེམ་དབང་སྐུར་དཔལ།། ཞེས་གསུངས་སོ།། འཇམ་དཔལ་དགོངས
5a3 འདུས་པའི་རྒྱུད་ལས།། སྐུ་ནི་ཁྲོ་གཉིས་སུ་བསྟན་པའི་ལེ་འུ་སྟེ། གཉིས་པའོ།།
5a4 །། སྐྱེ་མེད་དོན་རྟོགས་རབ་ཏུ་དགའ།། བློ་ཡི་ཐེ་ཚོམ་ཀུན་དང་བྲལ།། དེས་ནི་གཉིས་པ་དྲི་མ་མེད།། ཐུན་མོང་ཐུགས་རྗེས་དོན་མཛད་པ།། ཇི་བཞི་མ་རྣམ་བཞི་མ་ནོར་སྟོན།།
5a5 འདི་ནི་གསུམ་པ་འོད་འཕྲོ་བའོ་ས།། གདུལ་བྱ་ལ་སྣང་མངོན་སུམ་པས།། རང་ཤར་ཐུགས་རྗེས་དོན་མཛད་པ།། དེ་ནི་བཞི་པ་འོད་འཕྲོ་བྱེད་པའོ།། ཡེ་ཤེས་གདངས་དང་ཡོན་ཏན་ཀུན།། གཉིས་པོ་དག
5a6 ཏུ་སྣང་བ་ཡིན།། དེ་ལྟར་དོན་མཆོག་ངེས་ཐོབ་པས།། སྣོད་བཅུད་མི་གནས་རང་གྲོལ་བས།། རྣམ་དག་དྲི་མེད་ས་ལ་གནས།། ལྔ་པ་སྦྱངས་ཀ་བའི་ས་ནོན་པའོ།། དྲི་མེད་སྐུ་དང་ཡེ་ཤེས་རྣམས།། རླུང་དང་བྲལ་བའི
iiif viewer powered by OpenSeadragon
4b - 5b