e-texts navigator
Collection
Volume
Page
Wylie

3a1 ཁརྩ་གཅིག་ལ་མི་གཡོ་སྐུ་གཉིས་སྣང་།། སོ་སོ་མི་གནས་གཅིག་གི་དང་།། སོ་སོ་རང་རིག་མི་གཡོ་བ།། མཆོག་གི་དང་པོ་སྐུ་གསུམ་འཆང་།། ཡེ་ཤེས་གཉིས་མེད་ཚུལ་འཆང་བ།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།
3a2 ཞི་བའི་ཐུགས་ཀྱི་འདུལ་བ་ཁ།། ཡེ་ཤེས་བུམ་པ་ཀློང་ཡངས་སུ།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན།། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། སངས་རྒྱས་རྣམ་པར་སྣང་མཛད་ཆེ།། གདོང་ལྔ་གཙུག་ཕུད་ལྔ་དང་ལྡན།། ཡེ་ཤེས་སྣང་བ་ལ
3a3 མེ་ཁར་འོད་ཆེན་རྣམ་པར་སྣང་བར་བྱེད།། གཟི་བརྗིད་ཆེན་པོ་ལྟ་མ་སྡུག། སུམ་བཅུ་རྩ་གཉིས་མཚན་འཆང་བ།། ཁ་དོག་སྣ་ཚོགས་འབར་བ་ལི་འོད།། རྡོ་རྗེ་དཀྱིལ་དཀྲུངས་རྫོགས་སངས་རྒྱས།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན།། དཀྱིལ་འཁོར
3a4 ཆེན་པོ་ཡངས་པ་ཡིན།། ཡིས་གདངས་ཀྱི་བུམ་པ་ལྔ།། ལྔ་ཡི་བདག་ཉིད་བཅུ་མིང་ཅན།། སངས་རྒྱས་སྐུ་ལྔའི་གདུང་འཛིན་པ།། དྲི་མ་མེད་པའི་མཁའ་གྲས་ལ།། བྱད་དང་མེ་ལོང་དུས་མཚུངས་དང་།། གཡལ་དང་དྲི་མ་མ་དག་པས།། ཡོད་བཞིམ་གནས
3a5 པ་གསལ་མི་ནུས།། མེ་ལོང་གཡལ་དང་བྲལ་བ་ལ།། བྱད་ཀྱི་དྲི་མ་དག་པས་གསལ།། ཆོས་ཉིད་རིག་པ་མ་བྲལ་ཡང་།། འབྱུང་བ་འཕྲ་དང་རག་རྣམས་དང་།། སེམས་རྟོགས་ཕྲག་དོག་རྣམས་གསུམ་གྱིས།། མཆོད་ལ་སྐུ་དང་དངས་མགསལ།། གཉིས
3a6 པོ་ཕྲ་རགས་དུག་ལྔ་དག་ནས།། བརྩལ་དང་འོང་པ་མེད་བཞིན་དུ།། རྟོགས་མེད་ཡིས་སྣང་པ་གསལ།། རྡུལ་མེད་རྣལ་བྲལ་དྲི་མ་མེད།། རྣམ་པ་ར་དག་པ་བདག་མེད་ཆོས།། རྫོགས་པའི་སངས་ཨ་ལས་བྱུང་།། ཨ་ནི་ཡིག་འབྲ། ཀུན་གྱི་མཆོག། ཁོང




iiif viewer powered by OpenSeadragon

2b - 3b

Texts on this page

Gbr004.9 - 'jam dpal dgongs pa 'dus pa gsang sngags chen po'i rgyud