e-texts navigator
Collection
Volume
Page
Wylie

2b1 པརྐྱང་མཛད་དེ།། འཇིག་རྟེན་གསུམ་ལོ་སྣང་བྱེད་ཅིང་།། བདུད་བཞི་དགྲ་རྣམས་ཕ་མ་བྱེད་པ།། སེམས་ཅན་རྣམས་ཀྱི་ངན་སོང་གསུང་།། སྦྱོང་བར་བྱེད་པའི་འཛུམ་བརྟན་ནས།། ཚངས་པའི་གསུང་ནི་སྙན་པ་ཡིས།། རྡོ་རྗེ
2b2 འཛིན་ལ་འདི་སྐད་གསུངས།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིས།། མིང་ནི་ཡང་དག་བརྗོད་པའི་མཆོག། དག་པར་བྱེད་པའི་སྡིག་སེལ་བ།། དེ་ཡི་དགོངས་པ་འདས་པའི་དོན།། ང་ལས་ཉན་པར་སྤྲོ་བ་ནི།། ལེགས་སོ་དཔལ
2b3 ལྡན་རྡོ་རྗེ་འཆང་།། འཇམ་དཔལ་དགོངས་པ་ངས་བཤད་དོ།། ཅེས་གསུངས་སོ།། འཇམ་དཔལ་དགོངས་པ་འདུས་པ་ལས།། གླེང་གཞི་དང་མཚན་གྱི་ལེའུ་སྟེ། དང་པའོ།། །། དེ་ནས་ཡང་སྟོན་པས་བཀའ་སྩལ་པ།། རྡོ་རྗེ་འཛིམ
2b4 པ་ལེགས་བཟུང་ཅིག། གསང་སྔགས་ཕྱི་ནང་སྐྱེད་རྫོགས་གཉིས།། མཚན་བརྗོད་ཉིད་དུ་འཕྲོ་ཞིང་འདུ།། འདི་རུ་དེའི་དགོངས་པ་འདུས།། གསང་སྔགས་འབྲས་ཁུ་ལ་མ་ཁྱེར་ལྔ།། སྐུ་གསུམ་ཡེ་ཤེས་ལྔའི་བདག། ཡེ་ནས་ལྷུན་གྲུབ་མ་ཤེས་པར
2b5 སོ་སོའི་ཡན་ལགས་ཡིག་འབྲུ་སྐྱེད།། མཚམ་མའི་ཆོས་ལ་བློ་ཞེན་པས།། ཡང་དག་ལམ་མཆོག་དེ་མ་བསྐྱེད།། དེ་ཡང་ཟག་བཅས་འཛིམ་པའི་ལམ།། ལྷུ་མ་གྲུབ་ཆོས་སྐུའི་དོན་རྟེན་པ།། ཆོས་སྐ་དངོས་མེད་ཟང་ཐལ་ལ།། དྲི་མ་མི་གནས་རྣམ་པར་དག
2b6 དེའི་མཚན་ཉིད་རྣམ་པ་ལྔ།། སྟོང་པ་མི་འགྱུར་ཡོན་ཏན་འབྱུང་།། རྩལ་འབྱིན་ཐོགས་པ་མེད་པ་ལས།། ཏིང་འཛིན་རིག་དང་རྒྱུད་རིག་པ།། ཏིང་འཛིན་ལུས་ཅམ་ལུས་ཀྱི་མཆོག། ཤེས་རབ་རིག་པའི་སྐུ་ལྔ་གསལ།། དེ་ལ་གདུལ་ཁྱ་རྣམ་གཉིས།




iiif viewer powered by OpenSeadragon

2a - 3a

Texts on this page

Gbr004.9 - 'jam dpal dgongs pa 'dus pa gsang sngags chen po'i rgyud