e-texts navigator
Collection
Volume
Page
Wylie

2a1 འདི་སྐད་གསོལ་ཏེ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས།། འགྲོ་བའི་བླ་མ་སྟོན་པ་པོ།། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན།། དབང་པོ་བསམ་པ་མཁྱེན་མཆོག་གི།
2a2 བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ།། གཙུག་ཏོར་ཆེན་པོ་ཚིག་གི་བདག། ཡེ་ཤེས་སྐུ་དེ་རང་བྱུང་བ།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིས།། མིང་ནི་ཡང་དག་བརྗོད་པའི་མཆོག། དོན་ཟབ་དོན་ནི་རྒྱ་ཆེ
2a3 ཞིང་། དོན་ཆེན་མཚུངས་མེད་རང་ཞི་བ།། ཐོག་མ་བར་དང་ཐ་མར་དགེ།། འདས་དང་མེ་བྱོན་ད་ལྟར་གྱིས།། གླུ་བླངས་གང་ལགས་གསུངས་པའི་དོན།། དགོངས་པ་འདུས་པའི་དོན་འདི་གསུང་དུ་གསོལ།། གསང
2a4 འཛིན་ཅི་ནས་བདག་འགྱུར་ཕྱིར།། ངེས་པར་འབྱུང་གི་བར་དུ་འདི།། བདག་གི་བསམ་པ་རྟན་པོར་ཟུང་།། ཉོན་མོངས་མ་ལུས་གསལ་བ་དང་།། མི་ཤེས་མ་ལུས་སྤངས་པའི་ཕྱིར།། སེམས་ཅན་རྣམས་ལ་བཤད
2a5 པར་འཚལ་ཞེས།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཐུགས་ཀྱི་གསང་སྒོ་མཛོད་ཕྱེ་སྟེ།། ཡེ་ཤེས་རླུང་གིས་མགུར་གྱི་བུམ་པ་དྲིལ།། ལྗགས་ཀྱི་རྩེ་ནས་གསུང་གིས་འོད་འཕྲོས་པས།། རིང་ཞིང་ཡངས




iiif viewer powered by OpenSeadragon

1b - 2b

Texts on this page

Gbr004.9 - 'jam dpal dgongs pa 'dus pa gsang sngags chen po'i rgyud