e-texts navigator
Collection
Volume
Page
Wylie

28a1 ནི་གློ་བུར་རྐྱེན་ལ་རག་ལས་མིན། རང་གསལ་རིག་པའི་རང་བཞིན་དང་།། འཁོར་བའི་རྟོག་པའི་རང་བཞིན་ཅིག། གང་ལ་སྤང་བྱ་མ་ཡིན་ཏེ། གང་གིས་རྣམ་པ་དེ་གང་བཞིན།། དེ་བཞིན་འགྱུར་བ་དེ་ཉིད་མེད།། སེམས་ནི་ཇི་བཞིན་མཉམས
28a2 པ་ཉིད། སངས་རྒྱས་ཐུགས་ཀྱི་རྣལ་འབྱོར་ཏོ།། ཡང་དག་ལམ་ལ་ཡི་གེ་མེད།། སྙིང་པོ་ཉིད་དུ་བདག་འཇུག་པས།། ཐོབ་པ་མེད་ཅིང་སྤངས་པ་མེད།། རིག་པའི་ཐུགས་ལ་གསལ་བས་གསཔ་བྱང་ཆུབ་སེམས་ཀྱི་ཡིས་ནི།། རྣམ་ཤེས་དམིགས་པའི
28a3 ཡུལ་ལས་འདས།། རིག་པ་འོད་གསལ་གཟུང་འཛིན་མེད།། བྱང་ཆུབ་སྙིང་པོར་བཞུགས་པའི་ཚེ།། ངོ་བོ་ཉིད་ནི་དམིགསུ་མེད།། ཡིས་ཀུན་བཟང་རྣམ་པར་དག། འབར་བའི་ཏིང་འཛིན་ངོ་མཚར་ཆེ།། རང་གས་ཙཱ་བ་ཅིར་མི་དགོངས།། བདེ་གཤེགས་འ
28a4 ལོ་ངོ་བོ་ནི།། མི་འཇོམས་པའི་རྡོ་འཆང་། ཀུན་འབྱུང་རིམ་ཆེན་ལྟ་བུའི་འོད།། སྐྱོན་ཁྱང་མ་གྲུབ་འོད་གསཔ་ཉིད།། བཅོས་མེད་དགོངས་པ་ཅི་ཡང་མིན།། གཞན་ན་དེ་ལ་དེ་བཞིན་པ།། ཤེས་པ་དུ་མ་གང་མ་ངེས།། དེ་འོད་ཉིད་ལ་དེ་ལྟར་འགྱུར།། རྩོལ
28a5 གང་དག་དེ་དོན་ལ།། མཐའ་འགྱུར་དེ་བཞིན་དེ་ལ་འབྱུང་།། དེས་ན་གནས་པའི་དོན་ཡིན་ནུ།། བདེ་ལྡན་རིག་པའི་སངས་རྒྱས་ལ།། རྟོག་པའི་རྣམ་པ་ཀུན་མེད་པས།། གང་ཞིག་འབྲས་བུ་ཇི་ལྟར་འདོད།། སྦྱོར་ལྡན་དོན་ལ་ཡིན་པས་ན།། དེ་བཞིན་ཐད
28a6 དག་པར་འགྱུར།། ཞེས་གསུངསོ།། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལོ་ལས།། རིག་པ་རྒྱུ་རྐྱེན་གྱི་ས་བསྐྱེད་པའི་ལེའུ་སྟེ་བཅུ་པའོ།། བྱང་ཆུབ་ཀྱིས་སེམས་རིན་ཆེན་འཁོར་ལོ་ཞེས་བྱ་བའི་རྒྱུད་རྫོགས་སོ།། མངྒཀཾ།




iiif viewer powered by OpenSeadragon

27b - 28b

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud