| | e-texts navigator
|
27a1 མེད་པའི་སྙིང་པོ་ལ།། སྤོངས་ལེན་མེད་པའི་སེམས་ཀྱིས་འཇུག། རང་བཞིན་རྣམ་དག་དབྱེ་བ་མེད།། ལྷན་གྲུབ་རང་བཞིན་ཡེ་སངས་རྒྱས།། རང་རིག་འོད་གསལ་རྣམ་པར་དག། ཡེ་ཤེས་གང་མཚོན་མཚན
27a2 ཉིད་གསལ།། ལྷ་ན་གྲུབའང་རིག་ཀུན་ཏུ་བཟང་།། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལྟར།། གཟུང་འཛིན་དང་བྲལ་དྲི་མ་མེད།། ཡེ་ཤེས་སྒྱུ་མ་ཀུམ་ཏུ་བཟང་།། རང་བྱུང་སྒྱུ་མ་ངོས་བཟུང་མེད།། རྣམ་དག་རང་བྱུང་དཀྱིལ་འཁྲི
27a3 གསུམ། མ་སྐྱེས་ལྷན་གྲུབ་བྱ་བ་མེད།། དོན་ལ་གང་འཇུག་སྦྱོར་ལྡན་རྣམས།། ཡི་གེ་བརྡ་མེད་གཉིས་མེད་གསལ།། སྒྱུ་མ་བྱ་བྲལ་རིག་པའི་རྟོགས།། རང་སྣང་རིག་པའི་འོད་ལ་བཞུགས།། བསམ་མེད་རང་བཞག་ས་ལེ་བ།།
27a4 ཅི་ཡང་མ་ཡིན་གྱི་ན་བ། རང་གསལ་ཡེ་ཤེས་ཉི་མའི་འོད།། ཀུན་བཟང་རྒྱལ་བའི་ཐུགས་དམ་མོ།། ཞེས་གསུངས་སོ།། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ།། སྣང་མེད་རང་སྣང་བདེ་ཆེན་ལ།། རྟགས་པའི
27a5 སྣང་བས་གཉིས་སུ་མཐོང་།། རང་བཞིན་རྣམ་དག་གསེར་བཞིན་ཡང་།། ཐོག་མེད་དུས་ནས་དོན་མ་མཐོང་།། དུས་འདིར་སྦྱོར་འཇུག་གང་དག་ནི།། གསང་བའི་དོན་ལ་མོས་པས་འཇུག། གསལ་བྱེད་རིན་ཆེན་སྒྲོན་མ་གང
27a6 འཛིན་པའི་དྲི་མ་གང་གི་དག། བདེ་ཆེན་གསང་བ་གང་གིས་མཉེས།། ཞེས་ཞུས་སོ།། དེ་ནས་རིག་པའི་རྒྱལ་པོས་བཀའ་སྩོལ་པ།། བསམ་གྱི་མི་ཁྱབ་དུས་གང་ལ། གང་ལྡན་རིག་པའི་ལྡེ་དམིགས་གིས།། རིན
iiif viewer powered by OpenSeadragon
26b - 27b