e-texts navigator
Collection
Volume
Page
Wylie

26a1 ནས། དངོས་གྲུབ་རིན་ཆེན་འོད་ལྟར་འབྱུང་།། ཡེ་ཤེས་རྒྱ་མཚོ་མུ་མཐའ་མེད།། འོད་གསལ་རིག་པའི་གདེང་ལྡན་ལ།། མཚོན་པ་ལམ་གྱི་རྒྱུ་དང་བྲལ།། རང་བྱུང་ལུང་ནི་དོན་མཐོང་བས།། ལུང་ཆེན་ཚད་མ་ཀུན།།
26a2 གྱི་བདག། རིག་པའི་ཡེ་ཤེས་བརྗོད་བྲལ་བས།། བརྗོད་པའི་ལུང་ལ་སེམས་མི་འཁྱུག། སེམས་ཉིད་རིག་པའི་སྒྲོན་མ་ཡིས།། རིན་ཆེན་མེ་ཤེལ་ལྟར་གསལ་བས།། རིན་ཆེན་མན་ངག་ཀུན་གྱི་བདག། ཀུན་གསལ་མེ་ལོང
26a3 མཐོང་ཐོབ་པས།། རྣ་རྒྱུད་སྒྲ་ལ་རག་མ་ལས།། ཆོས་ཉིད་ན་མཁའ་ལྟ་བུ་ལ།། རང་བྱུང་གསལ་བའི་ཉི་མ་ཤར།། བསམ་སྦྱོར་བློ་ཡི་དྲི་མ་དག། འདོད་འཇུག་རིམ་རྩོལ་ཀུན་དང་བྲལ།། བསམ་མེད་འང་བཞག་སྤྱོད་པར་གནས
26a4 སྐུ་གསུམ་རིག་པའི་དཀྱིལ་འཁོར་ནས།། ཐུགས་རྗེས་ཉི་མའི་ཟེར་ཤར་ནས།། འགྲོ་འདུལ་སྤྱོད་པ་ཅི་བདེར་སྤྱོད།། ཐབས་ཀྱི་རིག་པ་རང་ཤར་ནས།། ཡེ་ཤེས་གསལ་བར་འགྲོ་དོན་མཛད།། ཡེ་ཤེས་རང་བྱུང་བདྲེན་སྐུར་ཤར
26a5 སྣ་ཚོགས་སྤྲུལ་སྐུ་རིན་ཆེན་སྤོས།། གང་དག་དམན་པའི་འཁོར་བདག་ལ།། བློ་དང་མཐུན་པའི་བསྟན་པ་བཀོད།། འདོད་པའི་བློ་ཡིས་དཔག་མེད་ཀྱང་།། ། ཐིག་ལེ་ཅིག་ལ་ས་འདའ་བ་མེད།། སྦྱོར་ལྡན་བློ་ཡིས་ཐེག་པ
26a6 རྣམས།། ཡེ་ཤེས་ཐུགས་རྗེའི་སྐུར་བྱུང་ནས།། རང་བྱུང་ཅིག་ལ་བསྟན་པར་ཟད།། རིམ་འཇུག་བློ་ཡི་ཐེགས་པ་རྣམས།། འདྲེན་པའི་སྐུ་ཡིས་དྲང་དོན་བསྟན།། ངེས་པའི་ཐེག་ཅིག་སྙིང་པོ་ལ།། འདོད་པའི་ཡན




iiif viewer powered by OpenSeadragon

25b - 26b

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud