| | e-texts navigator
|
25a1 པར་སྤྱོད་མི་ནུས། འཛིན་མེད་དག་གི་ལྕགས་བཀྲོལ་ཡང་།། གོམས་པའི་བག་ཆགས་བཅིངས་དང་འདྲ།། ཡེ་ཤེས་འཁོར་ལོ་རབ་དབང་ན།། ཇི་ལྟར་གནས་ཀྱང་བྱ་རྩལ་མེད།། རིག་པ་མཐའ་བྲལ་དཀྱིལ་འཁོར་ལ།། ལུས་ཀྱི་རྩལ་མེད
25a2 དཀྱིལ་འཁོར་གསལ།། རང་སྣང་རིག་པའི་འོད་གསལ་ལ།། ངག་གི་རྩ་ལ་མེད་རིག་པའི་གསུང་།། མི་འགྱུར་ཀུན་བཟང་ཡེ་ཤེས་ལ།། ཐུགས་ཀྱི་རྩ་ལ་མེད་བསམ་དང་བྲལ།། སྣང་བ་གཟུགས་ཀྱི་སྣང་བ་ཀུན།། མཉམ་ཉིད་ཆོས་ཀྱིས
25a3 སྐུ་རུ་ཐིམ།། གྲགས་པ་སྒྲའི་སྣང་བ་ཀུན།། མཚོན་པའི་རངབ་བརྟགས་གསུང་དུ་ཐིམ།། ཤེས་རིག་མ་ལུས་ཇི་སྙེད་པ།། ཐུགས་ཀྱི་མཚོན་པའི་རང་བརྟགས་ཏེ།། ཡེ་ཤེས་རིག་པའི་ཐུགས་སུ་ཐིམ།། རིག་པ་འགྱུར་མེད་རྡོ་རྗེ་ལྟར།
25a4 བྱེར་མེད་ཡེ་ཤེས་བྱ་རྩལ་བྲལ།། ཞེས་གསུང་སོ།། དེ་ནས་རྡོ་རྗེ་སེམས་དཔ་འདི་སྐད་ཞུས་སོ།། རྣམ་དག་ཡེ་ཤེས་དཀྱིལ་འཁོར་ནས།། འགྲོ་དྲུག་ཡེ་ནས་སངས་རྒྱས་ཀྱང་།། ལམ་སྟོབས་དྲག་པོས་བདག་ཞུགས་ཏེ། རང་རྐྱེན
25a5 ལོག་པའི་དབུགས་ཀྱི་དཀྲུགས།། རང་བཞིན་རིན་ཆེན་ནོར་བྲལ་བས།། རིག་དྲུག་གནས་སུ་འཁོར་བར་ཁྱམས།། དུས་འདིར་ཐུགས་རྗེའི་བྱིན་བརླབས་ཀྱིས།། རྫོགས་པའི་སེམས་ལ་མོས་སྐྱེས་པ།། དེ་ཚེ་རྩོལ་བྲལ་འབྲས་བུ
25a6 ཡོད།། རྣམ་རྟོག་གཡོ་བ་ཅི་འགྱུར་བ།། རིག་པའི་དོན་ལ་གང་གི་བསྟན།། ངེས་པའི་གསང་དོན་གང་གིས་མཐོང་།། ཞེས་གསུངས་སོ།། དེ་ནས་རིག་པའི་རྒྱལ་པོས་བཀའ་སྩལ་པ།། ཡེ་ཤེས་རྫོགས་པའི་སེམས་བསྐྱེད
iiif viewer powered by OpenSeadragon
24b - 25b