e-texts navigator
Collection
Volume
Page
Wylie

24b1 བདག། བདག་མེདརང་བྱུང་ཡེ་ཤེས་ཉིད།། རིག་པའི་འཁོར་ལོ་བདག་ལ་འཆར།། བདེ་ཆེན་འོད་འབར་ཐིག་ལེའི་མཐའ།། རང་བྱུང་གཟེར་ཆེན་རཔ་ལ་འདེབས།། རང་བྱུང་འཁོར་ལོ་རང་ལ་གཅོད།། རིག་པའི་ཕྱག་རྒྱ་འགྱུར་བ་མེད།
24b2 ཅེས་གསུངས་སོ།། བྱང་ཆུབ་སེམས་རིན་ཆེན་འཁོར་ལོ་ལས།། ཕུན་སུམ་ཚོགས་པ་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ། དྲག་པའོ།། ། དེ་ནས་རིག་པའི་རྒྱལ་པོས་འཙལ་པ།།
24b3 མེད་པའི་ཆོས་དང་ཆོས་ཅན་མི་དམིགས་པ་འདི་བཀའ་སྩལ་ཏོ།། བཙལ་མེད་རང་བཞག་ཡེ་སངས་རྒྱས།། རྣམ་དག་རང་བྱུང་སྙིང་པོ་ལ།། འདི་ཡེ་ཤེས་སྙིང་པོར་གསལ།། ཡེ་ཤེས་འཁོར་ལོ་སྣང་བ་མེད།། ཡེ་ཤེས
24b4 རིན་ཆེན་བརྩོལ་དང་བྲལ།། རང་བྱུང་མི་འགྱུར་ཀུན་ཏུ་བཟང་།། སེམས་ཉིད་བྱང་ཆུབ་རིག་བདག་ལ།། ལུས་ངག་སེམས་ཀྱི་བརྩོལ་མེད་པས།། ཏིང་འཛིན་མི་གཡོ་འཇུག་དང་བྲལ།། རང་བྱུང་འཁོར་ལོ་རེལ་པས་རོལ།
24b5 ཡེ་ཤེས་སྤྱོད་པ་པདྨ་ལྟར།། སྤྱོད་པ་བཞིན་མ་ཆགས་ཡེ་ནས་དག། བསམ་དང་བྲལ་བའི་ཆོས་རྣལ།། ཡེ་ཤེས་འཁོར་ལོ་རང་བཞིན་ཏེ།། དུས་གསུམ་གཡོས་མེད་པར་གནས།། རྟོག་པའི་དངོས་པོ་གང་སྣང་ཡང་།།
24b6 རང་བྱུང་རིག་པའི་འཁོར་ལོས་གཅོད།། རིག་པ་རྒྱ་མཚོ་མཁའ་ལྟར་ཟབ།། མངོན་གསུམ་སྣང་བའི་ཡེ་ཤེས་ལས།། སངས་རྒྱས་སེམས་ཅན་ཁྱད་མེད་ཀྱང་།། རང་དབང་སེམས་ལ་མི་གནས་ནི།། སེམས་ཉིད་བདེ




iiif viewer powered by OpenSeadragon

24a - 25a

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud