| | e-texts navigator
|
24a1 ཡེ་ཤེས་ཁྱབ་བདག་རིག་པའི་སྐུ།། རང་བྱུང་རིག་པ་མ་འགགས་གསལ།། བརྗོད་མེད་སེམས་ཀྱི་ཁོ་ན།། རང་བྱུང་སྟོམ་པ་ཐུག་ས་རྗེའི་བདག་།། འགྲོ་དྲུག་སེམས་ཅམ་ཐམས་ཅད་ཀྱིས།
24a2 རང་སེམས་སྟོན་པར་མ་ཤེས་ན།། རང་བྱུང་མཐོང་བ་ཡོངས་མི་འགྱུར།། དེ་ན་ཡེ་ཤེས་རྫོགས་པའི་དོན།། རང་རིག་བདེ་བས་ཤེས་པར་གྱིས།། རང་བྱུང་རྒྱལ་པོ་སྟོན་པའི་མཆོག། ཡེ་ཤེས་མ་འགགས
24a3 ཅར་ཡང་གསལ།། རིག་པའི་ཀློང་གི་འཁོར་དུ་རྫོགས།། རང་སེམས་བདེ་ལ་ཀུན་རྫོགས་པྲ།། སྙན་པ་རྒྱ་མཚོ་རིག་པའི་ཀློང།། རྣམ་དག་རང་སེམས་སྐྱེ་མེད་ལས།། འགྱུར་མེད་འཁོར་ལོ་རིག་པའི་གནས།།
24a4 ཡེ་ཤེས་རྩོལ་མེད་གནས་ཀྱིས་མཆོག། རང་བྱུང་སྟོན་པ་འོད་གསལ་ཞུགས།། འཛིན་མེད་རིག་པའི་ཉི་མ་ཤར།། མེ་ཤེལ་འོད་ལྟར་བྱིན་བརླབས་འ་ཁྲིགས།། འོད་གསལ་རིག་པའི་བསྟན་པ་སྒྲོགས།།
24a5 རང་བྱུང་རྐྱེན་བྲལ་གནས་ཀྱི་མཆོག། རང་བྱུང་བདེ་ཆེན་ཡེ་ཤེས་རོལ་པའི་སྐུ།། ཡེ་གྲེ་བརྔུ་བྲང་ཡེ་ཤེས་རིག་པའི་གསུངདྲ།། ཚིག་གི་ལམ་ཆད་ཡེ་ཤེས་སྒྲོན་མ་འདར།། ལེན་མེད་འཛིན་བྲལ་བདེ་མཆོག་གསང
24a6 པའི་ལམ་བརྡའི་འཇུག་པས་གསང་བའི་དོ་མི་མིགསལ།། མིང་དང་དོན་མེད་རང་བྱུང་ཡེ་ཤེས་གསལ།། རིག་པ་ཐིག་ལེ་གསལ་བ་གསུང་།། བརྗོད་མེད་འཡེ་ཤེས་འཁོར་ལོ་བདག། ཐ་སྙད་ཀུན་བྲལ་བརྗོད་བྱ
iiif viewer powered by OpenSeadragon
23b - 24b