e-texts navigator
Collection
Volume
Page
Wylie

23b1 བྲལ་ཡེ་ཤེས་རྫོགས་པ་ཆེ།། བརྡ་སྒོ་ལམ་གྱི་ཞེན་པ་གང་བཟློག་ཀྱང་།། བརྡ་དང་ཐ་སྙད་རིག་པའི་སྙིང་པོར་འཆར།། རང་བྱུང་རྩཝ་བ་མ་ལུས་ཅིག་ཏུ་རྟོགས།། སྦྱོར་ལྡན་ལམ་གྱི་རྟོག་པ་མ་ལུས་འདུས།། དངོས་གྲུབ
23b2 རང་བྱུང་དགོས་ཅེས་བསམ་མི་ཁྱབ།། སྒྲོན་མས་གསེར་བཞིན་ཡི་གེའི་དོན་དུ་བཤད།། བརྡའ་བྲལ་སྟོང་ཉིད་རང་ལ་བཟློག་པར་བྱ།། དེ་ཉིད་བཞིན་ཏེ་ཐམས་ཅད་ཀུན་ལ་ཡིན།། རང་བྱུང་བདེ་ཆེན་འཁོར་ལོ་ལ
23b3 ཡེ་གྲེས་དྲོན་དུ་རང་གསལ་ཞིང་།། འཛིན་མེད་རིག་པའི་མཁའ་ལ་བཞག། རྒྱུ་བ་མེད་པའི་ཡེ་ཤེས་སྐྱེད།། རང་བཞིན་བསལ་བའི་འོད་ལ་བཞུགས།། སྐུ་གསུང་གསལ་བའི་དོན་ལྡན་ན།། ལྷུན་རྫོགས
23b4 ཡེ་ཤེས་ཐིག་ལེར་བཤད།། ཐ་སྙད་སྒྲའི་རྣམ་པ་ཀུན།། ཡེ་ཤེས་མཚོན་པས་འདྲེས་པའི་བརྡའ།། དོན་ལ་བརྗོད་བྲལ་ཡེ་ཤེས་རྫོགས།། རིག་པའི་བརྡའ་སྒོ་དོན་གསལ་བ།། དེས་མེད་སྦྱོར་ལྡན་བློ་བཞིན་ནོ།།
23b5 བདེ་ཆེན་རིག་པའི་རྒྱལྔ་པོ་ལ།། འོད་གསལ་རིག་པའི་འཁོར་ལོ་བསྐོར།། ཡི་གེ་མེད་པའི་རང་གསལ་ལ།། ཡེ་ཤེས་སྲོག་གི་ཕུར་པ་ཐེངས།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་རིན་ཆེན་འཁོར་ལས།།
23b6 བཏན་ལ་ཕབ་པའི་ལིའུ་སྟེ། ལྔ་པའོ།། ། དེ་ནས་རིག་པོའི་རྒྱལ་པོས།། རང་རིག་བཻ་ཕུན་སུམ་ཚོགས་པ་འདི་བཀའ་སྩལ་ཏོ།།




iiif viewer powered by OpenSeadragon

23a - 24a

Texts on this page

Gbr004.11 - byang chub kyi sems rin chen 'khor lo zhes bya ba'i rgyud